国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྡོ་ཕུ་ལུང་པ།

སྡེ་དགེ་རྫོང་གི་རྡོ་ཕུ་ལུང་པ་ནི་སྤྱི་ལེ་གྲུ་བཞི་མ་བཅུ་གཅིག་དང་གྲངས་ཆུང་གཉིས་ཡོད་པའི་སྐྱེ་དངོས་ཀྱི་གྲོག་རོང་ས་ཁུལ་དུ་ཆགས་ཤིང་། དེ་ནི་སྨན་ཤོད་ཆུས་ཀྱི་ཧྱོ་པ་དང་ཕུ་མ། མདའ་མ་བཅས་སྲིད་འཛིན་ཡུལ་ཤོག་ཁག་གསུམ་འདུས་ཡོད་པའི་ས་ཆ་ཞིག་ཡིན།

དེའི་ལྷོ་ནུབ་ཀྱི་ས་མཚམས་དཔལ་ཡུལ་རྫོང་གི་གཏེར་ལྷུང་ཡུལ་ཤོག་དང་མཐའ་འབྲེལ་ནས་ཆགས་ཡོད་པའི་ས་ཆ་ཁྱད་འཕགས་ཅན་ཞིག་ཡིན་པ་རེད། དེར་ཤྭ་སྐྱ་དང་ཤྭ་དམར། གླ་བ། གཉན། དྲེད་མོང་། གནའ་གཡག་ལ་སོགས་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་གནས་ཡོད་པ་དང་མེ་ཏོག་གངས་ལྷ་སོགས་སྨན་རྩྭ་ཕུན་སུམ་ཚོགས་པོ་ཡོད་དོ།།