国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གུང་དཀར་མཛེས་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

( པར་ངོས་དང་པོར་མཐུད།)ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་2024 ལོའི་ཟླ་བ12 ཚེས 5 ཉིན་དར་མདོར་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་ཨུ་ཡོན 53 དང་། རྗེས་སྣོན་ཁུལ་ཨུའི་ཨུ་ཡོན 11 ཞུགས་ཡོད། ཁུལ་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་དུ་ཞུགས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་ཁག་གཅིག་ཀྱང་གྲོས་ཚོགས་ལ་ཟུར་དུ་ཞུགས་ཡོད།

ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་།

ཚང་འཛོམས་གྲོས་ཚོགས་སུ་ཧྲེན་དབྱང་གིས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ལས་དོན་སྙན་སེང་ཞུས་པར་ཉན་འཇོག་དང་གྲོས་བསྡུར་བྱས། 《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཧྲེན་དབྱང་གིས《ཆོད་དོན(གྲོས་བསྡུར་འཆར་ཟིན)》ཐད་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།

ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས། ད་ལོའི་ཚུན་ལ། རྙོག་འཛིང་ཆེ་བའི་གནས་བབ་དང་དཀའ་ཁག་མང་བའི་འགྲན་སློང་ལ་ཁ་གཏད་ནས། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྒྱ་ཆེན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་མུ་མཐུད་འབད་འཐབ་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ཞིང་བརླིང་བ་དང་། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དེ་བས་བཟང་བ། སྐྱེ་ཁམས་ཀྱི་མ་གཞི་དེ་བས་མངོན་གསལ་ཡིན་པ། དམངས་འཚོའི་འགན་སྲུང་དེ་བས་སྲ་ཞིང་བརྟན་པ། ཏང་ལེགས་སྐྱོང་དེ་བས་ནུས་པ་ལྡན་པ་བཅས་ཀྱི་གནས་བབ་རྒྱུན་མཐུད་དེ་སྲ་བརྟན་བཏང་བ་དང་། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོར་སྤོས་ཐུབ་ཡོད།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་དམ་པོར་དམིགས་ནས་སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ཐད་འཐབ་ཇུས་ཀྱི་རི་མོ་བཀོད་པ་དང་། ཚང་འཛོམས་གྲོས་ཚོགས་སུ་གྲོས་འཆམ་བྱུང་བའི《ཆོད་དོན》དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསལ་བཤད་དང་གསུང་བཤད་གལ་ཆེན་བཅས་ཀྱིས་རྒྱང་སྐྱོད་ལམ་གསར་དུ་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་རྩ་བའི་བསྲུང་བྱ་བཏོན་ཡོད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་བསྟར་ཏེ། སི་ཁྲོན་གྱིས་སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་དུས་ཚོད་རེའུ་མིག་དང་ལམ་ཕྱོགས་རི་མོ་གསལ་པོར་བཟོས་ཡོད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པའི་གནད་འགག་གི་དུས་སྐབས་ཡིན་པས། ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྔར་བས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང་ “སྲུང་སྐྱོང་གཉིས”རྦད་དེ་བྱེད་ཐུབ་པ་དང་། ཆོད་སེམས་དང་སྙིང་སྟོབས་སྔར་ལས་ཆེ་བའི་སྒོ་ནས་བསྒྱུར་བཅོས་མདུན་དུ་བསྐུལ་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། དཀར་མཛེས་ཁུལ་གྱིས་སྔར་བས་ བསྒྱུར་བཅོས་ཟབ་ཏུ་སྤེལ་བར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་ཏུ་སྤེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་ཚུལ་གསར་པ་དང་། ཆོད་གཏམ་གསར་པ། སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་སྨིན་བ་དང་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་བསམ་གཞི་རྒྱུན་འཁྱོངས་པ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་རྒྱུན་འཁྱོངས་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་ཞིང་སྤྱི་ཚོགས་ཀྱི་གསོན་ཤུགས་སློང་བ་དང་ཇེ་ཆེར་གཏོང་བ། “རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ། ཞིང་ཆེན་ཏང་ཨུའི་“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ཤིང་། ཁུལ་ཨུའི“གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་། དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་སྐྲུན་པ། སྒུལ་ནུས་ཆེན་པོ་བཞི་གསོ་སྐྱོང་བྱེད་པ། འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བསྟར་བ”བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་གཙོ་ཕྱོགས་སུ་བྱེད་ཅིང་། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བ་ལས་དོན་མཐའ་དག་གི་འགོ་རྩོམ་ས་དང་དོན་ལ་བབ་སར་བྱེད་པ། ཏང་ལེགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པ་འགན་ལེན་དུ་བྱེད་པ་དང་། རྒྱུད་རིམ་འདུས་གྲུབ་ལ་སྔར་བས་མཐོང་ཆེན་དང་གཙོ་གནད་མངོན་གསལ་ཡོང་བར་སྔར་བས་མཐོང་ཆེན། བསྒྱུར་བཅོས་ཀྱི་ཕན་འབྲས་ལ་སྔར་བས་མཐོང་ཆེན་བཅས་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཕྲོད་ཅིང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། བོད་བརྟན་ཁམས་བདེར་ཡོང་བའི་འཐབ་ཇུས་ཀྱི་གནད་ས་སྲ་བརྟན་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་གང་ཐུབ་བྱ་དགོས།

( པར་ངོས་བཞི་པར་གཟིགས།)