国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས57པ་འཚོགས།

སྤྱི་ཟླ12པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས57པ་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉི་དུས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ་དང་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུར་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བཏང་ནས་མི་བསད་པའི་གྱོད་གཞིར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་མི་སྣ་འདུ་འཛོམས་མང་བའི་ཁུལ་ལ་དམིགས་པ། དྲྭ་ཁེབས་རྣམ་པའི་ལྟ་སྐུལ་དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་ལ་འཁྱོལ་པ། བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་ལ་དམ་འཛིན་ཞིབ་ཕྲ་བྱ་དགོས་ཞེས་ནན་པོར་བསྟན་པ་རེད།

ཚོགས་འདུར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཚོགས་ཆེན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། བཏོན་ཟིན་པའི་སྲིད་ཇུས་ཡིག་ཆ་དོན་འཁྱོལ་ཡག་པོ་བྱེད་པའི་ཐོག་ནས་ཁུལ་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་དང་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་འགྲོ་རྒྱུར་འགན་ལེན་བྱ་དགོས་ཞེས་བསྟན་པ་རེད།

ཚོགས་འདུར་དར་རྒྱས་འགྲོ་ཞན་པའི་རྫོང་ཁོངས་ཀྱི་འཚོ་སྐྱོང་དམའ་སྐྱོར་ལས་དོན་ནི་ཞིང་ཆེན་ཏང་ཨུའི་གཏན་ལ་ཕབ་པའི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་དང་དར་རྒྱས་འགྲོ་ཞན་པའི་རྫོང12ལ་འཚོ་སྐྱོང་དམའ་སྐྱོར་བྱ་རྒྱུ་ཆབ་སྲིད་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་དཔོན་ཧྲི་ཞའོ་ལིན་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འགྲོ་ཞན་པའི་རྫོང་ཁུངས39ཡི་འཚོ་སྐྱོང་དམའ་སྐྱོར་ལས་དོན་གྱི་ཆེད་དོན་ཚོགས་འདུར་གནང་བའི་གསུང་བཤད་དང་། ཞིང་ཆེན་ཡོངས་ཀྱི་འཚོ་སྐྱོང་དམའ་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལ་ཞིབ་འཇུག་བྱས་ནས་གོ་བ་ནན་ཏན་བླངས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ( པར་ངོས་གཉིས་པར་གཟིགས།)