国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་རྫོང་གི་མུའུ་ཁྲིའི་གཟན་རྩྭའི་རྟེན་གཞིར་ལོ་ལེགས་བྱུང་།

ནོར་གནག་གིས་གཟན་རྩྭའི་རྟེན་གཞིར་ཡུག་པོ་ཟ་བཞིན་པ།

ཉེ་ཆར་སྡེ་དགེ་རྫོང་གི་མུའུ་ཁྲིའི་གཟན་རྩྭའི་རྟེན་གཞིར་ལོ་ལེགས་བྱུང་ཡོད། གཟན་རྩྭ་རྟེན་གཞིའི་ལག་རྩལ་འགན་འཁུར་བ་ཞུས་ཧྲེང་གིས་ཞིང་འབྲེལ་ཞིང་འཁྲིད་དང་ས་གནས་དེ་གའི་ཡུལ་མིར་འབབ་འཕར་ཡོང་རོགས་བྱ་ཆེད། ད་ལོའི་དབོར་འདྲེན་དང་ལྕོག་རྒྱག་པའི་ལས་དོན་ཚང་མ་ས་གནས་དེ་གའི་མང་ཚོགས་ལ་སྤྲད་ཡོད། ད་ལོའི་སྤྱི་ཟླ10པ་ནས་ད་བར་གྱི་སྟོན་བསྡུའི་ལས་ཀའི་ཁྲོད་ཁམས་ཀྱི་བརྩེ་བ་ཞེས་པའི་འབྲོག་རྩྭ་སྤྱི་གཉེར་ཁང་གིས་ས་གནས་དེ་གའི་ཡུལ་མི1200ལྷག་ལ་ལས་གནས་མཁོ་འདོན་བྱས་པ་དང་ཁྱོན་ལས་བཟོའི་གླ་ཆ་སྒོར་ཁྲི26ལྷག་སྤྲད་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་སྡེ་དགེ་རྫོང་གིས་གཞི་ཁྱོན་ལྡན་པའི་རྩྭ་ཡུག་པོ་མུའུ12000གཅིག་སྡུད་ཐོག་འདེབས་ཡོད་པས་སྔོན་རྩིས་བྱས་ན་མུའུ་རེར་ཐོན་ཚད་སྤྱི་རྒྱ3000ལ་ཟིན། དུས་མཉམ་དུ་རྫོང་དེས་ཞིང་འབྲོག་མང་ཚོགས་བསྡུས་ནས་མུའུ30000ཡི་སར་རྩྭ་འདེབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

འབྲོག་ལས་འཕེལ་རྒྱས་གཏང་དགོས་ན་རྩྭ་ལས་སྔོན་ལ་སྤེལ་དགོས། ཉེ་བའི་ལོ་ཤས་རིང་སྡེ་དགེ་རྫོང་གིས“རྩྭ་གསོ་ལས་གཉེར་དང་རྩྭ་གསོ་འབྲུ་རིགས་སུ་བསྒྱུར་རྒྱུ”མཐའ་འཁྱོངས་ཀྱིས་གཟན་རྩྭའི་ཐོན་ལས་འཕེལ་བར་བསྐུལ་ནས་རྫོང་ཡོངས་ཀྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།།

( ཀུན་དགས་བསྒྱུར།)