༄༅།། ཉེ་ཆར། དཀར་མཛེས་ཁུལ་ཞིང་ལས་ཁྱད་ཆོས་ཐོན་ལས་ཚོང་ཚོགས་བཙུགས་པ་རེད། ཁུལ་ཡོངས་ཀྱི་ཁེ་ལས60ལྷག་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བཟོ་སྣོན། ཁྲོམ་རའི་ཆ་འཕྲིན། འཁོར་རྒྱུག་ཐབས་ལམ་སོགས་ཀྱི་ཐད་ལ་མཉམ་ལས་འཕེལ་རྒྱས་དང་མཉམ་ཕན་མཉམ་ཁེ་ཡོང་ཐུབ་རྒྱུ་རེད།།
༄༅།། ཉེ་ཆར། རང་ཁུལ2024ལོའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་བཅའ་ཁྲིམས་ཤེས་བྱ་འགྲན་སྡུར་དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་སུ་སྤེལ་བ་དང་། སྡེ་ཚན10མཇུག་འགྲན་དུ་ཞུགས་ཡོད་ཅིང་མཐར་ལི་ཝུའུ་ལི་ལས་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁུལ་ཁྲིམས་འཛིན་ཅུས་དང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དར་མདོ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་ཁུལ་ཨུ་སྒྲིག་ཁོངས་གཞུང་ལས་ཁང་། ཁུལ་ནགས་རྩྭ་ཅུས་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།།
༄༅།། ཉེ་ཆར། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་དོ་དམ་སྲོལ་ཡིག་གི་ལག་ལེན་ཞིབ་ཕྲ(ཚོད་ལྟ)》བཀྲམ་པ་དང་། ཞིང་སྡེའི་ཁང་སའི་རྒྱ་ཁྱོན་ཚད་གཞི་མི་རེར་སྨི་གྲུ་བཞི་མ80ལས་མི་བརྒལ་བ་དང་། དེའི་ནང་དུ་སྡོད་ཁང་གི་ས་སྤྱོད་རྒྱ་ཁྱོན་ཚད་གཞི་ནི་མི་རེར་སྨི་གྲུ་བཞི་མ50ལས་མི་བརྒལ་བ། འཛུགས་སྐྲུན་མཐོ་ཚད་རྩ་དོན་ལྟར་ན་སྨི12ལས་མི་བརྒལ་བ་དང་རྩེག་རིམ3ལས་མི་བརྒལ་བ་གཏན་ལ་ཕབ་ཡོད།།
༄༅།། ཉེ་ཆར། ཞིང་ལས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་དུས་ཚིགས་གསུམ་པའི་བར་ལྷན་མེད་དངུལ་བུན་སྒོར་དུང་ཕྱུར208.4བཏང་ནས། ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་བསྲི་ཚགས། ནུས་རྒྱུ་གཙང་མ། འགྲིམ་འགྲུལ་དང་འཛུགས་སྐྲུན་ལྷད་མེད་སོགས་ཀྱི་ཁྱབ་ཁོངས་ལ་དངུལ་རྩའི་ཞབས་ཞུ་བྱས་པ་རེད།།
༄༅།། ད་ལོའི་ཟླ་བ9པ་ནས་བཟུང་། དཔལ་ཡུལ་རྫོང་འབར་ཆུང་ཡུལ་ཤོག་གིས་གུད་ཚབ་ལས་སྤྲོད་ཀྱི་དཔེ་སྟོན་ལས་གཞི་རྣམ་གྲངས་སྤེལ་ཏེ་ཡུལ་མི135ལས་ཞུགས་ཐུབ་ཡོད།