国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་མདངས།དངོས་མིང་ལ་བཀྲ་ཤིས་རབ་བརྟན་ཟེར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གཏེར་ལུང་དུ་སྐྱེས། དེ་སྔོན་ཚོར་འདུ་རེ་རེ་ཡི་རྗེས་སུ་སྙེག་པའི་དབྱངས་གསལ་གྱི་མེ་ཏོག་རེ《གངས་དཀར་རི་བོ》《རི་བོ་ཉི་ཟླ》《འབྲི་ཆུ》《གཏེར་ལུང་དུས་དེབ》《གཟའ་རུའི་གླེངས་སྟེགས》《འདན་གླིང་རྩོམ་རིགས》《རིག་མཛོད》《ཕ་མའི་བྱམས་བརྩེ》《ངག་གི་སྒྱུ་འཕྲུལ》སོགས་ཀྱི་དུས་དེབ་དང་།《ཁམས་པའི་ཚགས་པར》《རྔ་བའི་ཚགས་པར》《གཞིས་ཀ་རྩེའི་ཚགས་པར》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》《གངས་རྒྱན་ན་ཆུང་ཚགས་པར》《མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར》《ཉིང་ཁྲིའི་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《ཀན་ལྷོའི་ཚགས་པར》《གཏེར་ལུང་ན་གཞོན་ཚགས་པར》སོགས་ཀྱི་ཚགས་པར་དང་།《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》《རྫོགས་ཆེན་དྲ་བ》《རྒྱལ་ཡོངས་ས་ཆེན་དྲ་བ》《གངས་ལྗོངས་འཕྲིན་གསར》 གྱི་དྲ་བ་དང་།《མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་སྤྱི་སྟེགས》སོགས་སྤྱི་སྒེར་གྱི་དེབ་དང་ཚགས་པར་སོགས་སུ་རྩོམ་བརྒྱ་ལྷག་བཀོད་མྱོང་། ད་དུང་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ཆེན་མོ《ང་རོའི་ཆོ་འཕྲུལ་ཚང》གི་ཚོགས་མི་ཡིན།