国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་ལྗོངས་མཐོ་སྒང་དུ་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་གསར་པ་རྒྱས།

གླག་རི་མའི་རྡོ་ཁང་།

མེ་ཏོག་གི་རྒྱ་མཚོ་འཁྱིལ་བའི་གསེར་ལུང་གྲོང་སྡེ།

. གསེར་ལུང་ཡུལ་སྐོར་གྲོང་གསར།

འཚེམ་དྲུབ།

འདབ་པའི་ཨ་སྐྱིད་རྫ་མ།

དཀར་མཛེས་ཁུལ་དུ་སྐྱོད་དུས་ཡུལ་སྐོར་ཐོན་ཁུངས་ཁྲི3ལྷག་གིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག། འབོ་ཞབས་གྲོང་རྡལ་དང་ར་རྔ་ཁ་གྲོང་རྡལ། མཚོ་གཉིས་གྲོང་སྡེ། བུམ་པ་གྲོང་སྡེ་སོགས་ཡུལ་སྐོར་གྲོང་རྡལ་དང་གྲོང་ཚོ་ཀུན་ལ་ཁྱད་ཆོས་རེ་ཡོད་ཅིང་། བོད་རིགས་དང་རྒྱ་རིགས། དབྱིས་རིགས། ཧུའེ་རིགས། ཆའང་རིགས་སོགས་མི་རིགས་མང་པོ་མི་རབས་ནས་མི་རབས་བར་ས་གནས་དེ་གར་འཚོ་ཞིང་གནས་ཡོད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཞིང་ཁོངས་ཡོངས་ཡུལ་སྐོར་ཚ་ཚ་འུར་འུར་ངང་སྤེལ་བར་བརྟེན། ཡུལ་སྐོར་གྱིས་ཕྱུག་འབྱོར་ལ་སྣེ་ཁྲིད་པའི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། གངས་ལྗོངས་མཐོ་སྒང་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ཏེ་རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འབྱོར་གྱི་ལམ་བུ་བཏོད་དེ་སེ་འབྲུ་ལྟ་བུའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་པ་རེད།

ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཕྱུག་འབྱོར་གྱི་འབྲས་བཟང་ཐོབ།

ས་གནས་རང་གི་ཁྱད་ཆོས་མངོན་པར་གསལ་བའི་ཤིང་རྡོ་ལས་གྲུབ་པའི་ཁང་ཁྱིམ་དེའི་མདུན་རྒྱབ་ཚང་མར་མེ་ཏོག་དཀར་དམར་གྱི་ཕྲ་ཚོམ་རབ་ཏུ་བརྒྱན་ཡོད་ལ། མེ་ཏོག་དེ་དག་གི་མཛེས་ཉམས་དང་སྡོང་པོ་སྣ་ཚོགས་ཀྱི་བརྗིད་ཉམས་ཁྲོད་གནས་ཚང་ཞིག་བསྐྲུན་འདུག། གནས་ཚང་འདི་ནི་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ས་ལྕམ་སྡེ་བར་ཆགས་ཤིང་། སྤྱི་གཉེར་མ་སྐལ་བཟང་སྐྱིད་ཀྱིས་གཉེར་བའི“མགར་གཞིས་སྐར་ཚོམས་རྒྱན”ཞེས་པའི་གནས་ཚང་སྐྱིད་པོ་ཞིག་རེད། གནས་ཚང་འདིའི་ལྷིང་འཇགས་ཀྱི་ཁོར་ཡུག་དང་ཉམས་དགའ་བའི་ནགས་ཚལ། བྱ་བྱེའུ་ཡི་སྐད་སྙན། སྣེ་ལེན་གྱི་རྣམ་འགྱུར་བཟང་པོ་བཅས་ཀྱིས་ཕྱོགས་བཞིའི་མགྲོན་པོ་མང་པོ་མ་བོས་མགྲོན་དུ་བཀུག་དང་འགུགས་བཞིན་ཡོད་པ་རེད།

ང་ཚོས་གནས་ཚང་སྐྲུན་སྐབས་བོད་ཀྱི་བཟོ་བཀོད་ཉམས་འགྱུར་ཇི་མ་ཇི་བཞིན་སོར་འཇོག་བྱས་པར་མ་ཟད་ད་དུང་དེང་རབས་ཀྱི་དར་སྲོལ་ཁྱད་ཆོས་ཀྱང་འདྲེས་ཡོད་ཅེས་སྐལ་བཟང་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་བཤད། མོའི་གནས་ཚང་ལ་ཁྱོན་ཁང་མིག10ལྷག་ཡོད་པ་དང་། དབྱར་དུས་ཡུལ་སྐོར་ཡོང་མཁན་མང་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི10ལྷག་རག་ཐུབ།

ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་ཐོན་ཁུངས་མ་རྩར་བསྒྱུར་བ་དང་རྒྱུ་ནོར་མ་རྐང་དུ་བསྒྱུར་བ། འབྲོག་པ་རྐང་མི་ལ་བསྒྱུར་བ་བཅས་ཀྱི་བྱེད་སྟངས་མུ་མཐུད་དེ་ཁྱབ་གདལ་བཏང་སྟེ། འདབ་པ་རྫོང་མ་བདེ་ཐང་གྲོང་སྡེ་དང་དར་མདོ་གྲོང་ཁྱེར་གསེར་ལུང་གྲོང་སྡེ་སོགས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་ཡོད། རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ད་སྔར། དཀར་མཛེས་ཁུལ་དུ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་དུད་ཚང་ཁྲི5.4ལྷག་ཡོད་པ་དང་། ལས་ཞུགས་ལས་གནས་ཁྲི9.5བཏོན་ཅིང་། མི་ཁྲི15ལྷག་ལ་ལས་ཞུགས་ཐུབ་ཡོད། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས2023ལོར་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི4000ལས་བརྒལ་པར་སྣེ་ལེན་ཞུས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར452རག་ཡོད། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱིས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཕྱུག་འབྱོར་ལ་བསྐུལ་ཏེ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་བསྣན་ནས་མཉམ་དུ་ཕྱུག་འབྱོར་ཡོང་བར་གྲུབ་འབྲས་བཟང་པོ་ཐོབ་པ་རེད་ཅེས་བཤད།

རང་ཡུལ་གྱི་ཁྱད་ཆོས་ཡོད་པའི་རིག་འཆར་སྤུས་རྟགས་གསལ་དུ་བཏང་།

དཀར་མཛེས་ཁུལ་དུ་མི་རིགས་མང་པོ་མཉམ་དུ་འདུས་ཡོད་པས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་གཟུགས་མེད་རིག་གནས་ཤུལ་བཞག། དམངས་སྲོལ་སོགས་དར་ཁྱབ་ཤིན་ཏུ་ཆེ།

བཟོ་ཁང་འདིའི་འཛུགས་སྐྲུན་བྱེད་མཁན་ནི་ཁམས་ཀྱི་ཕོ་རྒོད་རིག་རྡོ་རེད། ད་ལོ་ལོ50ལ་སོན་ཡོད། ལོ8ནས་བཟུང་ཕའི་རྗེས་སུ་འབྲངས་ཏེ་ལི་བཟོ་ལག་རྩལ་སྦྱངས་པ་རེད། ལོ20སྔོན་ལ་རིག་རྡོ་མཐོ་སྒང་ནས་ཁྲེང་ཏུའུ་གྲོང་ཁྱེར་དུ་ལས་ལམ་གསར་གཏོད་ལ་བསྐྱོད་པ་རེད། རིག་རྡོས་དེ་སྔོན་ང་རང་ལ་མི་རིགས་ཀྱི་རིག་གནས་བརྒྱུད་འཛིན་ཡག་པོ་བྱས་ནས་གནའ་བོའི་ལི་ཆས་རྡུང་བཟོ་ལག་རྩལ་མི་དེ་བས་མང་པོར་ཤེས་སུ་འཇུག་པའི་བསམ་ཚུལ་ཁོ་ན་ལས་མེད། ལོ་འདི་ཤས་རིང་ལ་ངས་ཁྲེང་ཏུའུ་རུ་མི་རིགས་ཁག་གི་དགེ་ཕྲུག400ལྷག་ལ་གསོ་སྦྱོང་བྱས་པ་ཡིན་ཟེར། 2022ལོར་ཁོ་རང་དཀར་མཛེས་ཁུལ་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད། མཐུན་ཚོགས་དེས་སྔ་རྗེས་སུ་གངས་ལྗོངས་ལག་བཟོའི་དཀར་མཛེས་ཁུལ་གྱི་རིག་གནས་བརྒྱུད་འཛིན་དང་གསར་གཏོད་ཤེས་ལྡན་མི་སྣ་འདེམས་སྒྲུབ་འགྲན་སྡུར་ཆེན་མོ་སྐབས་གསུམ་གཉེར་བ་དང་། ཉི་སྟེན་ཐང་ག་འབྲི་ལུགས་ཀྱི་ཐང་ག་ཐོག་མ་གསར་དུ་བརྩམས་པར་མ་ཟད། ན་ནིང་སྤྱི་ཟླ8པར་དཀར་མཛེས་ཁུལ་གྱི་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་རིག་འཆར་ཐོན་རྫས་སྤུས་རྟགས་མེ་ཏོག་ཅེས་པ་གསར་དུ་བཏོད་པ་རེད།

ད་ལོའི་སྤྱི་ཟླ5པར་མེ་ཏོག་རིག་འཆར་ཐོན་རྫས་སི་ཁྲོན་ཁྲེང་ཏུའུ་དང་གཡག་རྔ། དར་མདོ། འདབ་པ་སོགས་ཡུལ་སྐོར་བྱ་ཡུལ་གཙོ་བོ་དང་བོད་ལྗོངས་ཀྱི་ལྗོངས་ཁུལ་དང་ལྗོངས་གནས། འགྲིམ་འགྲུལ་ལྟེ་གནས་བཅས་སུ་ཕྱིར་ཚོང་ས་ཚུགས11བཙུགས་ཏེ། ཟླ་བ4ཙམ་རིང་ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི50ལ་ཟིན་ཡོད། ལི་ཁྲ་དང་ཤིང་བརྐོས། རྫ་ཆས། སྣམ་བུ་བསླས་འཐག། ཀོ་ཆས་དང་རྒྱན་གོས་སོགས་རིག་འཆར་ཐོན་རྫས་རབ་དང་རིམ་པ་ཡང་ཁྲོམ་རར་ཧ་ཅང་བྲིན་པ་རེད།

དར་ལམ་དཀར་མཛེས་དང་ཁྲོན་ནུབ་སྦས་ཡུལ་ཞེས་པའི་ཚན་རིག་རྟོག་ཞིབ་དང་གནའ་བོའི་ཚོང་འདྲེན་བརྡལ་ལམ་གྱི་རིག་དངོས་ཐོན་ཁུངས་ལ་བརྟག་དཔྱད། ཁོངས་ཡོངས་རིག་གནས་དང་ཡུལ་སྐོར་ལས་དོན་མི་སྣའི་རྩལ་ནུས་གསོ་སྦྱོང་། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ་རྟེན་གཞི་འཛུགས་པ། གསར་བརྗེའི་གླུ་གཞས་མཉམ་ལེན་དང་དམངས་ཡོངས་ཀྱི་ཐང་ཆེན་ཞབས་བྲོ་སོགས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས300ལྷག་སྤེལ་བ་སོགས་ད་ཆ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་འདུ་ཤེས་མངོན་པའི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་དེ་བས་མང་པོ་དཀར་མཛེས་ཁུལ་དུ་རྐང་ཚུགས་ཡོད།

རིག་གནས་དང་ཡུལ་སྐོར་མཉམ་ལས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་སྐྱེད་བཏང་།

2021ལོའི་ཟླ་བ6པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་། ས་གནས་གཉིས་ཀྱིས་ཡུལ་སྐོར་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ཏེ། གངས་ལྗོངས་མཐོ་སྒང་གི་ཡུལ་སྐོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་རེད།

ད་ལོའི་སྤྱི་ཟླ7པར་དཀར་མཛེས་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པའིAབཞི་རིམ་པའི་ལྗོངས་ཁུལ་སྡེ་དགེ་པར་ཁང་ཆེན་མོའི་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་སྡེ་དགེ་པར་ཁང་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་བྱང་བཀལ་བ་རེད། སྡེ་དགེ་པར་ཁང་རྟེན་རྫས་བཤམས་མཛོད་ཁང་ཁག་བཞི་ལས་གྲུབ་པ་དང་། པར་ཁང་གི་ལོ་རྒྱུས་འཕེལ་རྒྱས་དང་རིག་གནས་ཀྱི་ནང་དོན་ཁྱོན་ཡོངས་ནས་མངོན་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1.8ཡོད་པ་དང་། མ་དངུལ་སྒོར་ཁྲི9300ལྷག་བཏང་ཡོད་པ་རེད། སྡེ་དགེ་པར་ཁང་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དེ་ཀྲེ་ཅང་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁེ་ལས་དང་སྡེ་དགེ་པར་ཁང་བར་གྱི་མཉམ་ལས་རྣམ་གྲངས་ཤིག་ཡིན་ཞིང་། གསར་གཏོད་ཀྱི་ཐབས་ལ་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་པོར་པར་ཁང་རིག་མཛོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་རེད།

ཉག་རོང་རྫོང་གླག་རི་མ་གྲོང་རྡལ་བྲག་རྫོང་གྲོང་སྡེར་སྐྱོད་སྐབས་དམིགས་བསལ་གྱི་མཐོ་སྒང་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་ཡིད་དབང་འཕྲོག་པ་རེད། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཧོང་ཡན་ཆུས་ཀྱིས་བྲག་རྫོང་གྲོང་སྡེ་དེ་ཉག་རོང་རྫོང་གི་ཁྱད་ཆོས་ཡོད་པའི་རྡོ་ཁང་བོད་གྲོང་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོད་པ་རེད། རྡོ་ཁང་བོད་གྲོང་གི་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱིས་ཉག་རོང་རྫོང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་བྱིན་ཡོད། ཉག་རོང་རྫོང་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེང་ཅན་ཕིང་གིས་གསར་འགོད་པར་ཁ་གཏད་རོགས་སྐྱོར་བརྒྱུད་དེ་སྔོན་ཐོན་གྱི་རིག་གནས་དང་ཡུལ་སྐོར་ཉམས་མྱོང་ཉག་རོང་དུ་དྲངས་ནས་སྤྱད་དེ་གནས་སྡོད་དང་ཡུལ་སྐོར། ལས་གཏོད་བཅས་ལ་འཚམ་པའི་གླག་རི་མ་གྲོང་རྡལ་གྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། ས་གནས་གཉིས་ཀྱིས་ཡུལ་སྡེ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་དང་གྲོང་སྡེའི་དམངས་འཚོ་ལེགས་བཅོས་རྣམ་གྲངས་བཏོད་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོན་པ་དང་། རིག་གནས་དང་ཡུལ་སྐོར་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་སྔོན་ཐོན་གྱི་འཕེལ་རྒྱས་འདུ་ཤེས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་འབྲེལ་མཐུད། ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་བཅས་དཀར་མཛེས་ཁུལ་དུ་བྱུང་བ་དང་ཆབས་ཅིག། རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་གཉིས་བར་མཉམ་ལས་བྱེད་སྟངས་གསར་པ་འཚོལ་བ་དང་། ཀྲེ་ཅང་དང་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ་དང་། ཀྲེ་ཅང་གི་ཡུལ་སྐོར་བ་དེ་བས་མང་པོ་དཀར་མཛེས་ཁུལ་དུ་ཡུལ་སྐོར་ལ་ཡོང་ནས་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བར་བསྐུལ་བ་རེད།། ( བདེ་ཆེན་གྱིས་བསྒྱུར།)

མཛེས་པའི་ཡུལ་ལྗོངས།