国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྲོས་པའི་མེ་ལོང་ནག་པོ།

སྣང་བ་འཚུབ་པའི་ལོ་ཟླ་རིང་མ་ཐུང་། །

ལས་སྐལ་ཞིག་གི་འཆར་སྒོ་འདྲ་མ་ཚོགས། །

མ་བཅོས་ངང་དུ་ཡིད་རྟོན་དམ་མ་ལྷོད། །

སྤྲོས་པའི་འཚོ་བ་སྐྱོ་གདུང་སྣ་ཚོགས་ཤིག །

དལ་བུར་བཞུད་པའི་སྣང་ཚུལ་རེ་རེ་ལ། །

ཡིད་འགྱུ་ཀློང་ནས་སྙིང་གི་བརྩེ་བ་རེ། །

འཁོར་བའི་མེ་ལོང་ཕྱི་ནང་གཉིས་ཀ་ལ། །

སྡིག་པའི་མེ་ཏོག་རབ་རིབ་བྲལ་བའི་ཚུལ། །

བར་ཐག་ནང་གི་བྱུང་བ་སྣ་ཚོགས་པ། །

ལས་ཀྱིས་མྱོང་བའི་འོག་གྲབས་ཡིན་པ་སྟེ། །

ལུས་ཀྱི་ན་ཟུག་ཇི་སྙེད་ལྡང་ཞིང་བྱུང་། །

ངག་གི་སྨྲེང་བ་གྱ་གྱུ་ཡིན་སྣང་གིས། །

ཡིད་ཀྱི་གདུང་བས་འཚོ་བ་སྐྱོ་རུ་བཅུག །

སྤྲོས་པའི་མེ་ལོང་སྲིད་པ་ནག་པོའི་དཔེ། །

༼ ཁམས་འོད་གསལ། ༽