国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་ཀྱི་གཞུང་ལམ་ལམ་ཐག་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།

རྒྱལ་སྲུང་གཞུང་ལམG549སྲིབ་སྨད་ནས་བརྒྱད་ཟིལ་བར་གྱི་གཞུང་ལམ་ལས་གཞི།

2024ལོར། དཀར་མཛེས་ཁུལ་གྱིས“ལམ་གཉིས”སྙིང་སྟོབས་ཤུགས་ཡོད་རྒུས་དར་སྤེལ་བཏང་སྟེ“ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི”བླང་བྱ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཀུན་ཏུ་ལག་ལེན་མཐར་ཕྱིན་བསྟར་ནས། བསྒྱུར་བཅོས་གསར་གཏོད་ཀྱི་བསམ་བློ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་འགྲིམ་འགྲུལ“སྔོན་སྤེལ་འཐབ་ཇུས”ལ་བསྐུལ་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།

ད་སྔར། དཀར་མཛེས་ཁུལ་གྱི་མྱུར་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་མ་ལམ། གྲོང་སྡེའི་གཞུང་ལམ་བཅས་ཚུད་པའི་གཞུང་ལམ་དྲ་བའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི3.3ལྷག་ལ་ཟིན་ནས་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། 2018ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་མཐོ་སྒང་གི“མཁའ་ལམ”དེ“མྱུར་འགྲོས་དུས་རབས”སུ་སླེབས་པ་དང་དཀར་མཛེས་ཁུལ་རྒྱལ་ཡོངས་མྱུར་ལམ་དྲ་བ་དང་སྦྲེལ་མཐུད་ཐུབ་པ་བྱུང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལམ་ཐག་རིང་བའི་གཞུང་ལམ་ཕུག་ལམ་སྟེ་ཁྲོ་ལའི་ཕུག་ལམ་དང་། “ཁྲོན་བོད་ཟམ་པ་དང་པོ”ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུ་ཁམས་དར་ཟམ་ཆེན་སོགས་དཀའ་ཚད་ཆེ་བའི“རིམ་འདས་ལས་གཞི”རབ་དང་རིམ་པ་བསྐྲུན། དཀར་མཛེས་ཁུལ་དར་མདོ་གནམ་ཐང་དང་སི་ཁྲོན་འདབ་པ་ཉི་སྟེན་གནམ་ཐང་། དཀར་མཛེས་གེ་སར་གནམ་ཐང་བཅས་ཁྱོན་གནམ་ཐང3ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་མཐོ་སྒང་དམངས་སྤྱོད་གནམ་ཐང་གསུམ་ཡོད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར(ཁུལ)ཉག་གཅིག་ཡིན་པ་རེད།

དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞིའི་ལས་མངོན་པར། སྤྱི་ཟླ11པའི་བར། ད་ལོ་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་མ་དངུལ་སྒོར་དུང་ཕྱུར99བཏང་བ་དང་། སྔོན་དཔག་བྱས་ན་སྤྱི་ཟླ12པའི་ཟླ་མཇུག་བར་དུ་སྒོར་དུང་ཕྱུར107ལས་བརྒལ་རྒྱུ་ཡིན་པ་དེས་བསྟུད་མར་ལོ12རིང་འགྲིམ་འགྲུལ་མ་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ལོ་རྒྱུས་ཀྱི་གྲུབ་འབྲས་མུ་མཐུད་གཏོད་རྒྱུ་རེད།དུས་མཉམ་དུ་དཀར་མཛེས་ཁུལ་དང་འབྲེལ་མཚམས་གྲོང་ཁྱེར(ཁུལ)གྱི་འགྲོ་འོང་མ་ལམ་གཙོ་བོ30ནང་ནས15བསྐྲུན་ཟིན་པ་དང5སྐྲུན་བཞིན་ཡོད། ཁུལ་ནས་འགྲོ་འོང་བྱེད་པའི་བགྲོད་ལམ22བར་མང་དུ་བཏང་བ་དང་མཐའ་འབྲེལ་ས་ཁུལ་དང་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་ལམ་ཐིག60བར་མང་དུ་བཏང་ཡོད། ལོ་འདིར་ད་སྔའི་བར་ཁུལ་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད(མི་ཐེངས)ཁྲི754ལ་ཟིན་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་ཆེ་རུ་ཕྱིན་པ་དང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འགག་གནད་སྐྲུན་ཚད་མགྱོགས་སུ་བཏང་།

སང་ལོའི་འགྲིམ་འགྲུལ་འཕེལ་རྒྱས་ལ་དམིགས་ནས་དཀར་མཛེས་ཁུལ་གྱིས་འཆར་གཞི་བཟོས་ཡོད་པ་སྟེ། བློ་བརྟན་འགྱུར་མེད་ངང་འགྲིམ་འགྲུལ“སྔོན་སྤེལ་འཐབ་ཇུས”ལག་ལེན་བསྟར་རྒྱུ་རེད། འཆར་གཞི་ལྟར་ན། སང་ལོར་ལྕགས་ཟམ་ཁ་ནས་སྲིབ་སྨད་མྱུར་ལམ་གྱི་ས་སྒང་ཐང་ཕྱོགས་བསྡུས་ཁུལ་ནས་དུང་དཀར་ལུང་པའི་བར་སྤྱི་ལེ46བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། རྒྱལ་སྲུང་གཞུང་ལམ318ཀྱི་སྤུས་ཚད་མཐོར་གཏོང་བསྒྱུར་བཀོད་ལས་གཞིའི་རམ་འདེགས་བགྲོད་ལམ་ཕུགས་པ་རོང་ནས་སོ་དེའུ་གྲོང་སྡེའི་བར་གྱི་ལས་གཞི་སོགས་ལས་གཞི5བསྐྲུན་རྒྱུ་དང་། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་ལམ་དང་རྒྱལ་སྲུང་གཞུང་ལམG549གཡག་རྔ་སྲིབ་སྨད་མཚམས་ནས་དཀར་མཛེས་ཁུལ་བརྒྱད་ཟིལ་ལམ་དུམ་སོགས་ཀྱི་ལས་གཞི་ཁག25མགྱོགས་མྱུར་ལག་བསྟར་བྱ་རྒྱུ་དང་བྲག་མགོ་ནས་དར་མདོ་ར་རྔ་ཁ་བར་གྱི་མྱུར་ལམ་སོགས་ལས་གཞི10ལས་འགོ་འཛུགས་པར་བརྩོན་ལེན་བྱེད་པ། 2025ལོར་མ་དངུལ་སྒོར་དུང་ཕྱུར100ཡན་གཏང་རྒྱུ་རེད། དུས་མཉམ་དུ“5+9+N”ཡི་ཞབས་ཞུའི་སྒྲིག་བཀོད་མ་ལག་རྒྱུན་མཐུད་ངང་བསྐྲུན་པ་དང་སྦག་མེད་རིམ་འདས་གློག་གསོག་བར་ཁྱམས་གཏོད་པ། ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བ། ལམ་རྒྱུད་ཀྱི་གློག་ཤུགས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱ་རྒྱུ་རེད།

རང་ཁུལ་དུ་ཞིང་ཆེན་ལམ་དང་རྒྱལ་ལམ། མྱུར་ལམ། ལྕགས་ལམ། གནམ་ཐང་སོགས་འགྲིམ་འགྲུལ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་དང་མི་རིགས་ས་ཁུལ་དང་ཐག་རིང་རི་ཁུལ་གྱི་འགྲིམ་འགྲུལ་འགྲོ་སྐྱོད་ཇེ་ལེགས་སུ་ཕྱིན་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་མཆོང་སྐྱོད་གསར་པ་བྱུང་ཡོད་དོ།།

( རྟ་མགྲིན་རྡོ་རྗེས་བསྒྱུར།)