国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་འབུམ་རྙིང་གྲོང་རྡལ་དུ་གཟན་རྩྭ་བགོ་བའི་བྱེད་སྒོ་སྤེལ།

ཉེ་ཆར། སེར་ཤུལ་རྫོང་འབུམ་རྙིང་གྲོང་རྡལ་གི་ལུང་གྲོང་ཚོ་དང་བདེ་སྐྱིད་གྲོང་ཚོ་གསུམ་པ་རུ་གཟན་རྩྭ་བགོ་པའི་བྱེད་སྒོ་སྤེལ། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་འབྲོག་པ་དུད་ཚང774བྱེད་སྒོ་ནང་ཞུགས།

ཤེས་རྟོགས་བྱུང་བ་ལྟར་ན། འདས་ཟིན་པའི་ལོ་གཅིག་ནང་འབུམ་རྙིང་གྲོང་རྡལ་གྱིས་སྐྱེ་ཁམས་དང་ཐོན་ལས་མཐུན་སྦྱོར་ལ་དམ་པོར་དམིགས་ནས་དམངས་ཡོངས་ཀྱི་རྩྭ་འདེབས་རྟེན་གཞི་ཤུགས་ཡོད་རྒུས་བསྐྲུན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་མུའུ5000ལྷག་ལ་སྤུས་ལེགས་ཕྱུགས་རྩྭ་བཏབ། དེས་སྐྱེ་ཁམས་སླར་གསོའི་ཐད་བྱས་རྗེས་བཞག་པར་མ་ཟད། ད་ལོའི་དགུན་དུས་ཀྱི་གཟན་རྩྭ་གསོག་འཇོག་བརྟན་པོ་ཡོང་བར་བྱས་ཡོད། བསྡོམས་རྩིས་བྱས་པར་ལྟར་ན། ད་ཐེངས་གཟན་རྩྭ་སྤུས་ལེགས་ཏུན90ལྷག་བརྔ་བསྡུ་བྱས་པ་དེས་གྲོང་རྡལ་ཡོངས་ཀྱི་འབྲོག་པ་དུད་ཚང774ཡི་སེམས་ཁྲལ་གྱི་གནད་དོན་དང་ཕྱུགས་ཟོག10000ལྷག་གི་དགུན་དུས་གཟན་རྩྭའི་གནད་དོན་ཐག་བཅད་པ་རེད།

ད་ཐེངས་ཀྱི་གཟན་རྩྭ་བགོ་བའི་བྱེད་སྒོ་སྤེལ་བ་དེས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད་པས་མ་ཚད། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད། ( མེ་ཏོག་གིས་བྲིས་ཤིང་པར་བླངས།)