国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། འབའ་ཐང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་ལས་དོན་མི་སྣ་བསྡུས་ནས་བྱ་ཁྱུང་གྲོང་རྡལ་དང་རྡོ་གཞོང་གྲོང་རྡལ་སོགས་སུ་བསྐྱོད་དེ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཡོ་བྱད་ཀྱི་ཆེད་དོན་ཞིབ་བསྡུར་ལས་དོན་སྤེལ་བ་རེད།

༄༅།། ཉེ་ཆར། 2024ལོ་འཁོར་གྱི་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་དར་རྩེ་མདོར་འཚོགས་པ་རེད།

༄༅།། ཉེ་ཆར། ཕྱག་ཕྲེང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་མི་སྣ་རྫོང་ནང་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ10ལ་བསྐྱོད་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་གཞི་རིམ་དུ་སྐྱེལ་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

༄༅།། ཉེ་ཆར། ཀྲུང་གོ་ཉེན་མེད་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ལྷད་མེད་ཞིང་ལས་ཐོན་རྫས་རྟེན་གཞིའི་མིང་ཐོ་བསྒྲགས་པ་དང་།“ཉག་ཆུ་ཁའི་བེ་ཤ”རྒྱལ་ཡོངས་ཀྱི་སྐྱེ་ལྡན་ལྷད་མེད་ཞིང་ལས་ཐོན་རྫས་རྟེན་གཞིའི་མིང་གཞུང་དུ་ཚུད་པས་དཀར་མཛེས་ཁུལ་ལ་མཚོན་ན་ཉག་ཆུ་རྫོང་ནི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ལྷད་མེད་ཞིང་ལས་ཐོན་རྫས་རྟེན་གཞི་དང་པོར་གྱུར་ཡོད་པ་རེད།

༄༅།། ཉེ་ཆར། གསེར་རྟ་རྫོང་སྲིད་གཞུང་དང་གསེར་རྟ་རྫོང་ཨུ་སྤྱི་ཚོགས་ལས་དོན་པུའུ། རྫོང་དམངས་སྲིད་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གསེར་ཁོག་གྲོང་རྡལ་སྲིད་གཞུང་དང་དཀར་མཛེས་གནམ་འོག་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བའི་གནས་མཆོག་གསེར་རྟ•ཅིན་ལུའུ་དགེ་སྒྲུབ་ཅེས་པའི་ཚོད་ལྟའི(སྡེ་ཁུལ)རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད།

༄༅།། ཉེ་ཆར།《མདོ་ཁམས་སྡེ་དགེའི་སྡེ་བྲིས་ཡིག་གཟུགས་ལེགས་བཏུས་མེས་པོ་དགྱེས་པའི་མཆོད་སྤྲིན》ཞེས་པའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་སྡེ་དགེ་རྫོང་དུ་འཚོགས་པ་རེད། (སྐལ་བཟང་རྒྱ་མཚོས་བསྒྱུར།)