བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཡུང་དྲུང་རིག་གནས་སྒྱུ་རྩལ་ལྟེ་གནས་གཟུགས་མེད་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གིས་ཐང་ག་དང་བོད་ཡིག་ཡིག་གཟུགས། བརྐོས་རྩལ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་རྫས་བཟོ་བཞིན་ཡོད། བཟོ་ཁང་དེས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་བརྒྱུད་འཛིན་དང་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་མང་ཚོགས་ཕྱུག་འབྱོར་ཡོང་བར་སྣེ་ཁྲིད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ཁང་དེར་ལྷ་བྲིས་པ་དང་བོད་ཡིག་ཡིག་གཟུགས་ཀྱི་བྲིས་མཁན120ཡོད་པ་རེད། བཟོ་ཁང་དེ2020ལོར་བཙུགས་པ་ནས་བཟུང་ཆེད་ལས་ལྷ་བྲིས་པ་གདན་དྲངས་ནས་ས་གནས་དེ་གའི་མང་ཚོགས་ལ་ཐང་གའི་འབྲི་སྟངས་དང་བོད་ཡིག་ཡིག་གཟུགས་ཐད་ཀྱི་གསོ་སྦྱོང་ཐེངས10བྱས་ཤིང་། གསོ་སྦྱོང་མི་གྲངས2000ལྷག་ལ་ཟིན་ཡོད། ཐང་ག་དང་བོད་ཡིག་ཡིག་གཟུགས། བརྐོས་རྩལ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚོང་ཟོང་མངག་ཐོའི་ཐོན་སྐྱེད་ལས་འགན་སྒྲུབ་པ་དང་། ད་སྔར་ཚོང་ཟོང་མངག་ཐོ3500ལྷག་བསྒྲུབས་ཚར་བ་དང་ངལ་རྩོལ་པ170ལས་ཞུགས་ཐུབ་ཡོད།།