དགུན་སྟོད་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གནས་པའི་ཁྲ་ཨེར་ཧན་ཚྭ་མཚེའུ་ཡི་ཡུལ་ལྗོངས་ལྷག་ཏུ་མཛེས།
ཁྲ་ཨེར་ཧན་ཚྭ་མཚེའུ་ནི་མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་ཀྱི་ཚྭ་འདམ་གཞོང་ས་རུ་ཆགས་ཡོད། རང་རྒྱལ་གྱི་ཚྭ་མཚེའུ་ཆེ་ཤོས་དེ་རེད། རང་རྒྱལ་གྱི་ཅ་ལུད་ཐོན་སྐྱེད་རྟེན་གཞི་དང་ཚྭ་མཚེའུ་ཐོན་ལས་རྟེན་གཞི་གལ་ཆེན་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5856ལ་ཟིན་པ་དང་། ཚྭའི་ཐོན་ཁུངས་རིགས་གསོག་ཚད་བསྡོམས་འབོར་ཏུན་དུང་ཕྱུར600ལ་ཟིན་ཞིང་། དེར་སྐྱེ་མེད་ཚྭའི་བང་མཛོད་ཅེས་བརྗོད་ཀྱིན་ཡོད།