国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གལ་ཆེན་གནད་བསྡུས།

༄༅།། སྤྱི་ཟླ12པའི་ཚེས13ནས14ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་གསེར་རྟ་རྫོང་དུ་སྲིད་ཁྲིམས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་ལ་སོང་བ་དང་། སྔོན་རྗེས་སུ་གསེར་རྟ་རྫོང་བླ་རོང་དགོན་པ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན། རྫོང་སྤྱི་བདེ་ཅུས་བཅས་ལ་འཚམས་འདྲི་དང་བརྟག་ཞིབ་བྱས་ཏེ། ཁྲིམས་ལྟར་དགོན་པ་བཅོས་སྐྱོང་དང་གྲྭ་བཙུན་དོ་དམ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་འབྲེལ་ལས་ཡུལ་དངོས་སུ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་བྱས་པ་རེད།།

༄༅།། སྤྱི་ཟླ12པའི་ཚེས9ཉིན། སྐབས་བཅུ་གཅིག་པའི“གསེར་རྔ་རྡུང་བའི་བྱ་དགའི”གློག་བརྙན་ཐུང་གྲས་དང་བརྙན་ཐུང་བསྡུ་རུབ་འགྲེམས་སྟོན་བྱེད་སྒོ2023ལོ་འཁོར་གྱི་རྒྱལ་ཡོངས་ཁྲིམས་ཁང་གི“ཕུལ་བྱུང་བཅུ་དང་ཕུལ་བྱུང་བརྒྱའི”འཕྲིན་སྦྱོར་གསར་པའི་རྩིས་ཨང་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། བརྩམས་ཆོས་ཆིག་སྟོང་ལྷག་ནས་རང་ཁུལ་གྱི་བརྩམས་ཆོས་གཉིས་འབུར་དུ་ཐོན་ཏེ། སྐབས་བཅུ་གཅིག་པའི“གསེར་རྔ་རྡུང་བའི་བྱ་དགའི”གློག་བརྙན་ཐུང་གྲས་རིགས་ཀྱི་བྱ་དགའ་ཐོབ་པ་རེད།།

༄༅།། ཉེ་བའི་ལོ་ཤས་རིང་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱིས་གྲུབ་རྐྱེན་གཙོ་བོའི་འགན་ལེན་ལས་འགན་ལྕི་པོ་མཐའ་གཅིག་ཏུ་ཁུར་ནས་བར་མཐོངས་ཀྱི་འཆར་འགོད་དང་ཁྲིད་སྟོན་ལེགས་སུ་གཏོང་བར་དམིགས་པ་དང་ས་ཞིང་གི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ས་ཆ་སྤྱོད་པའི་ཞབས་ཞུ་འགན་ལེན་ཡག་ཏུ་གཏོང་བ་བཅས་ཅན་གསུམ་མཉམ་འགུལ་ལ་དམིགས་ནས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།།