国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ12པའི་ཚེས15ཉིན། 2024ལོའི་གངས་དཀར་རི་བོའི་དུང་དཀར་ལུང་པའི་འཁྱགས་ཀླུང་འགྲན་སློང་འགྲན་སྡུར་དེ་དཀར་མཛེས་ཁུལ་དུང་དཀར་ལུང་པའི་ལྗོངས་ཁུལ་དུ་སྤེལ་བ་རེད། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ལྗོངས་བགྲོད་རྒྱུག་འགྲན་ལ་དགའ་པོ་བྱེད་མཁན520འགྲན་སྡུར་ནང་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད9པར་དར་ཆ་སྤྲད་དེ་ལུས་སྦྱོང་འགོ་ཚུགས་མཛད་སྒོ་འཚོགས་རྗེས། དུང་བརྡ་གྲགས་པ་དང་ཆབས་ཅིག་འགྲན་ཞུགས་པ་ཚོས་མཚོ་འཕགས་སྨི1573ཡོད་པའི་གངས་དཀར་ཐང་ཆེན་ནས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཏེ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཕྱོགས་སུ་སྐྱོད། ཕུན་སུམ་ཚོགས་པའི་རི་ཁུལ་ཐོན་ཁུངས་དང་ཕུལ་བྱུང་གི་གནམ་གཤིས་ཆ་རྐྱེན་བཅས་འཛོམས་པའི་དུང་དཀར་ལུང་པའི་མཚན་སྙན་ཕྱོགས་བཞིར་གྲགས་ཤིང་། ད་ཐེངས་ཀྱི་འགྲན་སྡུར་དེས་ལྗོངས་ཁུལ་ཐོན་ཁུངས་ཀྱི་རྨང་གཞིར་གཞི་ཚུགས་ནས་དཀར་མཛེས་ཁུལ་དང་ཐ་ན་ཁྲོན་ནུབ་ས་མཐོའིIPནུས་པ་ལྡན་པའི་ལྗོངས་བགྲོད་འགྲན་སྡུར་ཐོག་མ་དེ་གཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་སློང་འགྲན་སྡུར་ནང་སྤྱི་ལེ40ཡི་འཁྱགས་རོམ་འཕྲེད་བརྒལ་དང་སྤྱི་ལེ30ཡི་ནགས་ཚལ་འཕྲེད་བརྒལ་ཚོ་ཆུང་གཉིས་ཆེད་མངགས་བཀོད་སྒྲིག་བྱས་ཡོད་པ་རེད།། (ཨོ་རྒྱན་གྱིས་བསྒྱུར།)