国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ཕྱོགས་བསྡུས་འཚུབ་བསྟུན་རོགས་སྐྱོབ་རུ་ཆེན་འཛིན་གྲྭ་བཞི་པས་རི་མཇུག་གྲོང་རྡལ་ཕན་ཀོའུ་གྲོང་སྡེར་མེ་གསོད་འཕྲུལ་ཆས་ལ་སྐོར་ཞིབ་བྱས། ད་སྔར། ཡུལ་ཤོག་དང་གྲོང་རྡལ7གྱི་གྲོང་སྡེ82ཀྱི་མེ་གསོད་ཡོ་བྱད་ལ་སྐོར་ཞིབ་བྱས་པ་རེད།

༄༅།། སྤྱི་ཟླ12པའི་ཚེས12ཉིན། ཀན་ཚྭའི་རྒྱུད་འབྲེལ་སྒོ་རྩིས་ཚོང་ཁང་དེ་དར་མདོ་གྲོང་ཁྱེར་གྱི་དམག་དཔོན་ཟམ་པའི་འགྲམ་ལ་གཉེར་བྱེད་འགོ་ཚུགས་པ་དང་། ཁུལ་ཡོངས་ཀྱི་ཞིང་ལས་ཁྱད་ཆོས་ཐོན་རྫས་སྣ་ཁ211གཅིག་བསྡུས་ཐོག་ཕྱིར་ཚོང་བྱེད་བཞིན་ཡོད།

༄༅།། སྤྱི་ཟླ12པའི་ཚེས12ཉིན་ལུའུ་ཀྲོའུ་གྲོང་ཁྱེར་ནས་ཡིན་པའི་འདབ་པ་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གིས་སྡུད་འགུགས་དང་འོས་སྦྱོར་བྱས་པར་བརྒྱུད་ཁྲོན་ཆང་ཚོགས་པ་དང་འདབ་པ་རྫོང་གིས་ནས་རྒྱ་མ་ཁྲི30དངོས་སུ་ཉོ་སྒྲུབ་བྱས་པ་དེས་འདབ་པ་རྫོང་གི་ནས་ཐོན་ལས་དེ་སྲོལ་རྒྱུན་གྱི་འདེབས་འཛུགས་ནས་དེང་རབས་ཅན་དུ་སྒྱུར་བའི་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོ་ཐུབ་པ་མཚོན་ཡོད།

༄༅།། དབུལ་ཐར་མི་འབོར་དང་གནས་སྤོས་མང་ཚོགས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཆེད། སྤྱི་ཟླ12པའི་ཚེས11ཉིན་དཀར་མཛེས་རྫོང་ནོར་བུ་གླིང་ཐང་ཆེན་དུ་སེམས་ནུས་ཡོད་རྒུས་རོགས་སྐྱོར་དང་། ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཞེས་པའི་གཙོ་དོན་དུ་བྱས་པའི2024ལོའི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་སྐོར་སྐྱོད་བྱེད་སྒོ་སྤེལ་བ་རེད།( ཀུན་དགས་བསྒྱུར།)