༄༅།། སྤྱི་ཟླ12པའི་ཚེས20ཉིན། དཀར་མཛེས་ཁུལ་ཉག་ཆུའི་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱེ་གཉེར་ཁང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཉག་ཆུ་སྤྱེ་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་སུན་ཝུན་ལེང་བཅས་དཀར་མཛེས་ཁུལ་ཉག་ཆུའི་ནུས་རྒྱུ་གསར་སྤེལ་ཚད་ཡོད་སྤྱེ་གཉེར་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད།།
༄༅།། ད་ལོ་ནས་བཟུང་། རང་ཁུལ་གྱིས་འགྲོ་ལུགས་དང་རྒྱུ་ཆ། འགྲོ་རྒྱུག་བཅས་བསྟུངས་པའི་བྱེད་སྒོར་དམ་འཛིན་བྱས་ནས་སྲིད་དོན་ཞབས་ཞུའི་ཕུན་ནུས་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས། ཞིབ་མཆན་འགོད་པའི་བརྒྱུད་རིམ་བསྐྱར་དུ་བཟོ་རྒྱུར་སྐུལ་འདེད་བཏང་བ་དང་། སྲིད་དོན་ཞབས་ཞུའི་དོན་ཚན་དཔྱད་གཞི་སྤྲོད་པ་དང་གཉེར་སྒྲུབ་བྱེད་ཡུན་སོགས་ཀྱི་དམིགས་ཚད་མངོན་གསལ་དོད་དུ་བཏང་ནས་ཁེ་ལས་དང་མང་ཚོགས་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་དམའ་རུ་བཏང་བ་རེད།།
༄༅།། སྤྱི་ཟླ12པའི་ཚེས16ཉིན། ཀྲུང་གོའི་གནམ་གཤིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་གསུམ་པ་ཅང་ཞི་ཞིང་ཆེན་ཞིན་ཡུས་གྲོང་ཁྱེར་དུ་འཚོགས་ཤིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཡུལ་སྐོར་སྟོན་གྲངས་ཀྱི་གཏན་འཁེལ་གྲོང་ཁྱེར་གྱི་གྲས་སུ་ཚུད་པ་དང་། གནམ་གཤིས་ཡུལ་སྐོར་གྱི་ལེགས་ཆའི་ཐོན་ཁུངས་དང་གནམ་གཤིས་མཛེས་ལྗོངས་ཀྱི་གདེང་འཇོག་རིམ་པ་ལེགས་སུ་ཕྱིན་ཡོད་པ་རེད།།