国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བསྒྲགས་ཏེ་སྦྱངས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

སྤྱི་ཟླ12ཚེས24ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བསྒྲགས་ཏེ་སྦྱངས་ཤིང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཚོགས་འདུར་བསྟན་དོན། ཉེ་ཆར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུར་ཡང་ད་སྔའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་ལས་དོན་གཙོ་གནད་ཐོག་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན། ཆོས་ཉིད་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་ནི་སང་ལོའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུའི་རྩ་བའི་བསྲུང་བྱ་རེད། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ཕྱོགས་བསྡོམས་བྱས་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། བཏོན་པའི་དམིགས་འབེན་གྱིས་མི་རྣམས་ལ་འབད་སྐུལ་བྱས་ཤིང་། བཀོད་སྒྲིག་ཁག་ནི་ཚན་རིག་དང་མཐུན་ཞིང་དངོས་སྒྲུབ་འོས་པ་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་གཞི་འཛིན་ས་གལ་ཆེན་བཏོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྦྱངས་ནས་ཁོང་དུ་ཆུད་པ་དང་། གཞི་གཅིག་ཏུ་ལག་ལེན་བྱ་དགོས། ལོ་གཅིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་གྲུབ་འབྲས་གལ་ཆེན་དམ་དུ་བཟུང་སྟེ་རང་རྟོགས་ངང་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བཅས་བྱ་དགོས། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དང་ད་སྔའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དམ་དུ་བཟུང་སྟེ། ཕྱོགས་ཁག་གི་ལས་སྒྲུབ་དངོས་སྒྲུབ་ཀྱི་ཧུར་བརྩོན་རང་བཞིན་དང་མ་སྐུལ་དང་བླངས་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ། ལས་དོན་ཁག་དོན་ཐོག་འཁྱོལ་བ་དང་ཕན་འབྲས་དངོས་འཐོབ་པར་བསྐུལ་དགོས། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པ་དང་། ལག་བསྟར་དོན་འཁྱོལ་མཐར་ཕྱིན་པར་དམ་དུ་བཟུང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”སྔོན་རིམ་གྱི་ཞིབ་འཇུག་འཆར་འགོད་ལས་དོན་ལེགས་པར་བསྒྲུབས་ནས། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏང་དགོས། (པར་ངོས་གཉིས་པར་གཟིགས།)