༄༅།། སྤྱི་ཟླ12པའི་ཚེས22ཉིན། ལི་ཐང་རྫོང་གི2024ལོའི་སྤུས་གསར་གྱིས་ཕྱོགས་སྟོན་མཛད། གཞོན་ནུས་འབྱུང་འགྱུར་བསྐྲུན་ཞེས་པའི་ན་གཞོན་ཤེས་ལྡན་མི་སྣའི་ལས་ལམ་གསར་གཏོད་ཀྱི་མཐའ་མཇུག་འགྲན་བསྡུར་ལི་ཐང་རྫོང་ནས་སྤེལ་བ་རེད།
༄༅།། སྤྱི་ཟླ12པའི་ཚེས16ནས22ཉིན་བར། ལྕགས་ཟམ་རྫོང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རྒན་ལྔས་གྲང་ངར་ལ་མ་འཛེམས་ནས་རི་ལུང་བརྒལ་ཏེ་ས་ཡོམ་གྱི་གནོད་སྐྱོན་ཐེབས་ཡུལ་བོད་རིགས་དང་དབྱིས་རིགས་ཀྱི་ཡུལ་སྡེར་བསྐྱོད་ནས་རི་ཁུལ་གྱི་ཕྲུ་གུ་ཚོར་ལྟ་སྐྱོང་གནང་བར་མ་ཟད། ཏང་དང་སྲིད་གཞུང་གི་བྱམས་བརྩེའི་དྲོད་ཁོལ་ཡང་བྱིན་པ་རེད།
༄༅།། ཉེ་ཆར། རང་ཁུལ་གྱི་ན་གཞོན་གླུ་མ་པད་མ་ལྷ་མཚོའིMV《རི་ཆུ་སྟོང་ཕྲག》འགྲེམ་སྤེལ་ཐོག་མར་བྱས་ཡོད།
༄༅།། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་མཐར་ཕྱིན་བཏང་སྟེ། ཁེ་ལས་མང་ཚོགས་ཀྱི་དོན་སྒྲུབ་དགོས་མཁོར་དམིགས་པ་དང་། ནང་གི་བྱང་ཚད་མཐོ་རུ་གཏོང་བ་དང་ཕྱིའི་གཟུགས་བརྙན་ལེགས་པོར་འཛུགས་པ་བཅས་བྱས་ཏེ་གསོ་སྦྱོང་དང་། ལམ་ལུགས། བྱེད་སྒོ་བཅས་ཀྱི་ཐབས་ཤེས་གསུམ་ལ་བརྟེན་ནས་བྱང་ཚད་མཐོ་བའི་སྲིད་དོན་ཞབས་ཞུའི་དཔུང་ཁག་བསྐྲུན་ནས་སྲིད་དོན་ཞབས་ཞུའི་མཉེན་ཤུགས་ཆེ་རུ་བཏང་སྟེ། སྲིད་དོན་ཞབས་ཞུ་སྔར་བས་ཡག་པ་དང་སྲིད་འཛིན་ཕན་ནུས་སྔར་བས་ལེགས་སུ་གཏོང་བར་རོགས་འདེགས་བྱས་ཡོད།
༄༅།། ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བུད་མེད་ཁེ་ལས་པའི་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་དར་མདོ་གྲོང་ཁྱེར་དུ་འཚོགས་པ་རེད།
༄༅།། ཉེ་ཆར། དར་མདོ་གྲོང་ཁྱེར་གངས་དཀར་རི་བོ་གྲོང་རྡལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།
༄༅།། ཉེ་ཆར། དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་ཁང་གསར་གྲོང་སྡེའི་གཡེར་མ་དང་སུར་པན། ལུག་གྲོད་ཤ་མོ་ཁག་གཅིག་ཨེ་ཅིའི་ཕྱིར་སྡོད་སྤུན་ཟླའི་ལག་ཏུ་འབྱོར་ནས་གྲོང་རྡལ་དེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐེངས་དང་པོར་རྒྱལ་སྒོ་ལས་བརྒལ་བ་རེད། (སྐལ་བཟང་རྒྱ་མཚོས་བསྒྱུར།)