国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲངས་ཀའི་ཐོག་ནས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་གྱི2024ལོའི་གྲུབ་འབྲས་ལ་བལྟས་པ།

2024ལོར་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ལ་ནན་ཏིག་འཁྱོལ་བ་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་ཡོང་བ་རྒྱུན་འཁྱོངས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་པ་དང་། དོན་འཁྱོལ་དམ་དུ་འཛིན། བྱ་སྤྱོད་དངོས་ལ་ལྟ། ཕན་འབྲས་ཐོན་པར་བྱེད་ཅེས་པའི་བྱེད་སྒོ་དོ་དན་སྤེལ་ཅིང་། སྲིད་གྲོས་ཨུ་ཡོན་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། རང་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བ་སྐུལ་རོགས་དང་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་པ་བྱེད་ཆེད། མི་སེམས་དང་བློ་རིག། སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་ཡོད།

གྲངས་ཀའི་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་བལྟས་ན། ལས་ཁུངས་ཀྱི་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ40ལྷག་བཙུགས་ཡོད། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་ཐེངས74སྤེལ་ཡོད། ཟླ་བ་རེར་ཏང་ཚན་ཁག་གི་རིགས་གཞུང་གཅིག་བསྡུས་སློབ་སྦྱོང་ཐེངས1བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་སོགས་སློབ་སྦྱོང་བྱས་ཐེངས60ལྷག་བྱས་ཡོད། སྲིད་གཅོད་སྲིད་གླེང་གལ་ཆེན་ལ་ཕྱོགས་ནས་གསར་གཏོད་རང་བཞིན་གྱི་གྲོས་འགོ70ལྷག་བཏོན་ཡོད། ལས་དོན་གཙོ་བོར་དམིགས་ནས་སྲིད་གླེངབྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་བསམ་འཆར་དང་གྲོས་འགོ་ཕྱོགས17གྱི་དོན་ཚན176བཏོན་ཡོད། གྲོས་མོལ་སྒྲུབ་གཞི་ཁག་ལ་དམིགས་ནས་གྲོས་མོལ་ཐེངས20བྱས་ཤིང་གྲོས་མོལ་སྙན་སེང20གོང་དུ་ཞུས་ཡོད། སེམས་ཁུར་གཙོ་བོར་དམིགས་ནས་སྲིད་ཕན་བྱས་ཏེ། སློབ་གསོ་འཕྲོད་བསྟེན་སོགས་བསྒྲུབ་གཞི་གཙོ་བོ12གཏན་ལ་ཕབ་ནས་རྟོག་ཞིབ་ཐེངས40ལྷག་བྱས་ཏེ་སྲིད་ཕན་སྙན་སེང12ཞུས་ཡོད། ལས་འགན་ཚབས་ལྕི་ལ་དམིགས་ནས་སྲིད་རོགས་བྱས་ཏེ། གཞི་རིམ་དུ་སྒྲོག་འགྲེལ་ཐེངས80བྱས་ཡོད། ཐབས་ལམ་རྒྱ་བསྐྱེད་དེ་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་འགྲོ་བར་རོགས་རམ་བྱས་ཏེ། མི300སློབ་སྦྱོང་དང་རྟོག་ཞིབ་ཏུ་ཞུགས་པ་དང་། ཚོགས་འདུའི་གཏམ་བཤད110ལྷག་དང་བསམ་འཆར་དང་གྲོས་འགོ620བསྡུས་ཡོད། ཡུན་རིང་བདེ་འགོད་སྲུང་བར་རོགས་རམ་བྱས་ཏེ། རིགས་སྣ་ཚོགས་ཀྱི་གྲོས་མོལ་ཆུང་གྲས་ཐེངས255བྱས་ཏེ་འགལ་བ380བསལ་ཡོད། མི་རིགས་མཐུན་སྒྲིལ་ཡོང་བར་སྐུལ་རོགས་བྱས་ཏེ། དུད་ཚང་དང་དགོན་པར་མི་སྐྱོད་ཐེངས408དང་ཕྱིར་སྐྱོད་རྟོག་ཞིབ་མཐུན་འབྲེལ་དུ་མི210བསྐྱོད་ཡོད། སྤེལ་རེས་མཉམ་ལས་ལ་རོགས་རམ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད6དང་ཆེད་དོན་ཨུ་ལྷན3དང་ཞིང་ཆེན་གྱི་སྲིད་གྲོས་མགོ་ཁྲིད5ཁུལ་དུ་ལྟ་ཞིབ་གནང་བར་ཕེབས་ཡོད། དམངས་ཀྱི་ཆེད་དུ་གྲོས་མོལ་བྱས་ཏེ། དྲོད་རླངས་དང་གསོ་རླུང་འདོན་པ་སོགས་བསྒྲུབ་གཞིར་དམིགས་ནས་གྲོས་མོལ་ཚོགས་འདུ་ཐེངས15འཚོགས་ཏེ། དམངས་འཚོ་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་འགོ140བཏོན་ཡོད། དམངས་འཚོ་ལེགས་བཅོས་ཀྱི་ཨུ་ཡོན་གྲོས་འཆར27དང་དམངས་ཀྱི་འདོད་བློར་དོ་ཁུར་གྱི་གྲོས་ཚོགས་གཏམ་བཤད157བསྡུས་ཡོད། ཞིང་ཆེན་སྲིད་གྲོས་དང་ཁུལ་ཨུ། ཁུལ་སྲིད་གཞུང་ལ་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཆ་འཕྲིན230སྤྲད་ཡོད། གཞི་རིམ་མང་ཚོགས་ཀྱི་དཀའ་གནད35བསལ་ཡོད། བྱ་སྤྱོད་དངོས་ཀྱིས་དམངས་ལ་ཕན་པ་བསྐྲུན་ཏེ། ཨུ་ཡོན་ཚོས་མང་ཚོགས222ལས་ཞུགས་ཐུབ་པ་རོགས་རམ་དང་། སློབ་སྐྱོར་དང་ཞན་སྐྱོར་སོགས་བྱེད་སྒོ343ལ་ཞུགས། མང་ཚོགས་ལ་དོན་བཟང་དང་དོན་དངོས། དཀའ་གནད་བཅས159བསལ་ཡོད། ཞིང་ཆེན་ཕྱི་རོལ་ཁེ་ལས་ཀྱིས་སློབ་མ66ལ་སློབ་སྐྱོར་བྱེད་པ་འབྲེལ་བ་བྱས་ཡོད། ལམ་ལུགས་ལམ་སྲོལ་གྱི་ནུས་པ་བཏོན་ཏེ། ལམ་ལུགས་དང་ལམ་སྲོལ31བཟོས་པའམ་དག་བཅོས་བྱས་ཡོད། རིག་གནས་ལོ་རྒྱུས་ལ་མཐོང་ཆེན་བྱས་ཏེ། གྲོང་སྡེའི་ལོ་རྒྱུས594བཟོས་ཡོད། རིག་གནས་ལོ་རྒྱུས་ཀྱི་ཆེད་དེབ3གྲུབ་ཡོད། ཨུ་ཡོན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་གྲོས་ཨུ་ཡོན226གསོ་སྦྱོང་དུ་མངགས་པ་དང་། ཨུ་ཡོན172ཕྱིར་སློབ་སྦྱོང་རྟོག་ཞིབ་ཏུ་མངགས་ཡོད། ལས་ཁུངས་དཔེ་བཟང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཁུངས་ཀྱི་ལས་དོན་ལམ་ལུགས30དག་བཅོས་འཐུས་ཚང་དུ་བཏང་ཡོད། སྤྱིའི་གཟུགས་རྣམ་སྐྱོང་ཤུགས་ཆེ་རུ་བཏང་ནས། ཨུ་ཡོན་དང་ལས་བྱེད་པ28ལུས་རྩལ་འགྲན་ཚོགས་སུ་ཞུགས་པ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འཕྲིན་སྦྱོར་ཁག་ཏུ་གསར་འགྱུར་སོགས170བཀོད་ཡོད། དཀར་མཛེས་སྲིད་གྲོས་དུས་དེབ་འདོན་ཐེངས4བྱས་ཡོད།།

( སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།)