སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་ཚོགས་ཆེན་གཉིས་ཀྱི་ཚོགས་ཞུགས་མི་སྣ་བཅའ་སྡོད་བྱ་ཡུལ་དུ་ཕེབས་ནས་དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་བ་རེད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་དཔའ་ངར་ཆེན་པོས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་རྒྱུ་དང་། འགན་འཁྲི་ནན་ཏན་གྱིས་བསྒྲུབ་རྒྱུ་དང་བསམ་འཆར་དང་ཇུས་འདོན་ཧུར་ཐག་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་གྲོས་མོལ་དང་མཛེས་སྡུག་ལྡན་པའི་འཆར་གཞི་ཐུན་མོང་ཐོག་འབྲི་རྒྱུར་སྐུལ་ལྕག་གནང་བ་རེད།
ཁུལ་གྱི་མགོ་ཁྲིད་ཧྲུའུ་ཏ་ཁྲུན་དང་། ཀྲང་ཐུང་རུང་། ཀའོ་ཀྲན། ཡིའུ་ཞང་ཧྥེ། ཡན་ལེ། ཁྲེན་པོ་ཐའོ། ཝང་ཤིན་ཆོན་སོགས་ཀྱིས་མཉམ་དུ་འཚམས་འདྲི་གནང་བ་རེད། ཧྲེན་དབྱང་དང་བཅས་པ་འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་དུ་ཕེབས་ནས་ཚང་མར་ཕྱག་འཇུ་དང་བྱམས་བརྩེའི་འཚམས་འདྲི། ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད།(པར་ངོས་གསུམ་པར་གཟིགས།)