སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ལྕགས་ཟམ་རྫོང་དུ་འཚོག་འགོ་འཛུགས། དཀར་མཛེས་ཁུལ་གྱི་ཁུལ་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ5སྟེ། དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཞང་ཧྥུང་དང་། དཀར་མཛེས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཁྲེན་ཧྲའོ་པོ། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཝང་ཧུའུ། དཀར་མཛེས་ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཐེན་ཁྲེང་། དཀར་མཛེས་ཁུལ་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཏིང་ཧྲུའུ་ཅོན་བཅས་ཀྱིས་ཚོགས་ཆེན་གཉིས་ཀྱི་ཅུས་ཀྲང་བརྒྱུད་ལམ་བརྒྱུད་དེ་མི་རིགས་མཐུན་སྒྲིལ་དང་གྲོང་ཡུལ་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ནོར་སྲིད། གཉིས་བཀུར་བཅས་ཀྱི་ལས་དོན་ལ་དམིགས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་པ་རེད། ཁོ་ཚོས་དམངས་ཀྱི་བདེ་རྩར་མཐའ་གཅིག་ཏུ་དམིགས་ནས་བསྒྱུར་བཅོས་དང་འཕེལ་རྒྱས་གླེང་བ་དང་། དམིགས་འབེན་དང་འཆར་གཞི་བཀོད་པ་རེད།