国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཝང་ཧུའུ། དཀར་མཛེས་ཁུལ་མཛེས་སྡུག་ལྡན་པའི་སི་ཁྲོན་གྱི་སྐྱེ་ཁམས་སྔོན་སྤེལ་དཔེ་སྟོན་ཁུལ་དུ་འཛུགས་སྐྱོང་ཧུར་ཐག་བྱ་དགོས།

ནོར་སྲིད་སྲིད་ཇུས་ཀྱི་དངོས་པོའི་སྟོབས་ཤུགས་ཕུད་སྐྱེ་ཁམས་ཁོར་ཡུག་གི“མཉེན་ཤུགས”ལ་ཡང་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། 2024ལོར་དམིགས་ཚད་ཁག32ཡོངས་རྫོགས་གསར་གཏོད་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་ཞིང་། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་བློ་ཡིད་ཚིམ་ཚད་ལོ་གསུམ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་རྒྱུན་འཁྱོངས་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དཔྱད་ཞིབ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་ལ། རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་ཞིབ་ཏུ་ཚུད་པ20ཡི་སའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚང་མ་རིགསⅠདངⅡཔའི་ཚད་གཞིར་སླེབས་ཡོད་པས་ཁུལ་ཡོངས་ཀྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་དང་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་སྤུས་ལེགས་ཚད་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་ཀྱི་ཆུའི་སྤུས་ཚད་བཅས་ཀྱི་ཚད་གཞི་སླེབས་ཚད་བསྟུད་མར་ལོ་དྲུག་རིང“བརྒྱ་ཆ་བརྒྱ”གསུམ་རྒྱུན་འཁྱོངས་ཐུབ་ཡོད།

2025ལོར་རྒྱང་ལྟ་བྱས་ན། སྲིད་གཞུང་གི་ལས་ཀའི་སྙན་སེང་ནང་བཏོན་པའི“སྦགས་བཙོག་འགོག་བཅོས་ཀྱི་རང་འགུལ་དམག་འཐབ་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དམག་འཐབ། ཐཱན་དམའ་རིགས་བསྒྱུར་གྱི་སྤྱི་ཡོངས་དམག་འཐབ་བཅས་ཡག་པོ་བརྒྱག་དགོས”པ་ལ་དམིགས་ནས། ལོ་གསར་པའི་ནང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས“ལས་འགན་ཡི་གེ”ཁ་གསལ་བཟོས་ཏེ། ཤུགས་སྔར་ལས་ཆེ་བའི་སྒོ་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་པ་དེ་ལས་འགན་ཨང་དང་པོར་བརྩི་ཞིང་།《མཛེས་སྡུག་ལྡན་པའི་དཀར་མཛེས་འཛུགས་སྐྲུན་འཆར་འགོད》ལག་ལེན་མཐར་ཕྱིན་བསྟར་བ་ལ་ཚད་གཞི་སྔར་ལས་མཐོན་པོས་སྦགས་བཙོག་འགོག་བཅོས་ཀྱི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཁོར་ཡུག་གི་སྤུས་ཚད“དེ་ལས་བཟང་བ་ལས་ངན་དུ་མི་འགྱུར་བའི”འགྱུར་མེད་ཀྱི་མཐིལ་ཚད་བརྟན་སྲུང་བྱ་དགོས། སྔར་ལས་བཟང་བའི་ཞབས་ཞུ་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་འགན་ལེན་དང་། སྦགས་བཙོག་དངོས་པོ་འབུད་པའི་སྤྱི་འབོར་ཚོད་འཛིན་དང་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་ཏེ། ཁོར་ཡུག་གདེང་འཇོག་དོ་དམ་ཁྲིམས་ལྟར་ལེགས་སུ་གཏོང་ཞིང་། ཁོར་ཡུག་གདེང་འཇོག་ཞིབ་བཤེར་ཆོག་མཆན་སླར་ཡང་མགྱོགས་སུ་གཏང་རྒྱུའི་འགན་ལེན་བྱས་ཏེ། དགེ་མཚན་ལྡན་པའི་ཐོན་ལས་དང་གཙོ་གནད་རྣམ་གྲངས་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་མྱུར་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏང་དགོས། བླང་བྱ་དེ་བས་ནན་པའི་ཐོག་ནས་ལྟ་ཞིབ་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྒྱུན་རྣམ་ཅན་དུ་ཞིབ་བཤེར་བཅོས་སྒྲིག་བྱེད་ཅིང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཐོག་མཐའ་བར་གསུམ་དུ་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས། སྤྱོད་ཚུལ་སྔར་ལས་ཏན་ཏིག་ལ་བརྟེན་ནས་སྐྱེ་ཁམས་སྲུང་ཡོལ་གྱི་འགན་འཁྲི་འཁུར་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ལ་འཁྱོལ་པར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས10ལག་ལེན་ནན་པོ་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་མུ་མཐུད་དེ་སྲ་བརྟན་དུ་གཏོང་བ་དང་དཀར་མཛེས་ཁུལ་དེ་མཛེས་སྡུག་ལྡན་པའི་སི་ཁྲོན་གྱི་སྐྱེ་ཁམས་སྔོན་སྤེལ་དཔེ་སྟོན་ཁུལ་དང་རི་བོ་འཕྲེད་རྒྱུག་ཆེན་པོའི་ས་ཁུལ་གྱི་སྐྱེ་ཁམས་ཉེན་མེད་འཐབ་ཇུས་ཀྱི་གནད་ས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་འཕེལ་ཁ་དར་ས་རུ་འཛུགས་སྐྲུན་ཧུར་ཐག་བྱ་དགོས།།

( མིག་དམར་གྱིས་བསྒྱུར།)