国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞང་ཧྥུང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་མུ་མཐུད་བསྐྲུན་ནས་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་ཡག་པོ་བཤད་དགོས།

ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ཐད་གྲུབ་འབྲས་འདི་འདྲ་ཐོབ་ཡོད། 2019ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མཚན་སྙན་གནང་བ་ནས་བཟུང་དཀར་མཛེས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བར་གཙོ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་ཏེ། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”གྱི་མིང་བྱང་ལེགས་ཤོས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་ཇེ་ཟབ་ཏུ་བཏང་བས། ཁུལ་ཡོངས་སུ་ད་ཆར་རྒྱལ་ཡོངས་དང་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང24དང་། དཔེ་སྟོན་སྡེ་ཚན(དཔེ་བཟང་ཐུན་མོང)197 དང་། དཔེ་བཟང་མི་སྒེར145བཅས་བྱུང་ཡོད། “སྤྲད་པ་གསུམ་དང་ཕན་པ་ཡོད་པ་གཅིག”རྒྱུན་འཁྱོངས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་དགོན་པར་སྤེལ་བའི་ལག་ལེན་བྱ་སྤྱོད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་སེ་འབྲུ་ཁྱིམ་གཞིས་ཀྱི་གྲགས་རྟགས་བསྐྲུན་ནས་ཁུལ་ཡོངས་ཀྱི་གཞུང་ཞབས་མི་སྣ་ཁྲི6.5ལྷག་གིས་ཞིང་འབྲོག་པའི་ཁྱིམ་ཚང་དང་དེ་བཞིན་དགོན་པའི་གྲྭ་བཙུན་ཁྲི26ལྷག་ལ་མཐུན་འབྲེལ་བཟོས་པ་རེད། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་མུ་མཐུད་དེ་བསྐུལ་ཅིང་། “འཆར་གཞི་ཁག་གསུམ”ལག་ལེན་ཤུགས་ཆེན་བྱེད་པ་དང་། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་བྱེད་སྒོ་ཚན་འབོར་དང་ཐེངས་མང་པོ་སྤེལ་ཏེ། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན(ལྗོངས)གསུམ་གྱི་ས་མཚམས་རྫོང(གྲོང་ཁྱེར)གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་དཔེ་སྟོན་ཁུལ་འཛུགས་པའི་ལམ་སྲོལ་བཙུགས་ནས་གྲོང་ཁྱེར(ཁུལ)མང་པོ་དང་རྒྱལ་ལམ318པའི་ལམ་རྒྱུད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་མནའ་འབྲེལ་གྲོས་མཐུན་བཞག་པ་རེད།

སླད་ཕྱིན་དུ་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་མུ་མཐུད་བསྐྲུན་རྒྱུ་དང་། དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གཏམ་རྒྱུད་མུ་མཐུད་དེ་ཡག་པོ་བཤད་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་ཡིན།།

( ལྷ་འཛོམས་ཀྱིས་བསྒྱུར།)