ལོ་གཅིག་རིང་ཁུལ་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཚད་ཀྱིས་དཀར་མཛེས་ཁུལ་གྱིGDPཡི་བརྒྱ་ཆ4དང་མཛོད་ཞུགས་ཁྲལ་བསྡུའི་བརྒྱ་ཆ20བཟུང་ནས་ལས་ཞུགས་མི་སྣ་ཁྲི8ལྷག་བསྡུས་ཡོད། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི“བྱེད་ཐབས་བཅུ”བཏོན་པ་དང་། སྒོར་དུང་ཕྱུར8.8བཏང་ནས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི40ལག་ལེན་བསྟར་བ། སྒོར་དུང་ཕྱུར10.2བཏང་ནས་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་མུ་འབྲེལ་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་ལས་གཞི142གྲུབ་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེའི་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད། ( པར་ངོས་གསུམ་པར་གཟིགས།)