2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བའི་ལོ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཡིན་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ40འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐུགས་ཁུར་མཛུབ་ཁྲིད་འོག་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་རྐང་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། མངག་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་འབད་འབུངས་ཡར་བརྩོན་གྱིས་ཞིང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཏན་ཏིག་བསྒྲུབས་ཡོད། ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་པར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་བྱས་རྗེས་སུ་ཕུལ་ཡོད་པ་རེད།
ལོ་ཧྲིལ་པོར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས7དང་། ཀྲུའུ་རེན་ཚོགས་འདུ་ཐེངས13འཚོགས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ2བཟོས་པ་དང་། ཁེར་སྤྱོད་སྲོལ་ཡིག2རྩིས་མེད་བཏང་ཡོད། ཆེད་དོན་ལས་ཀའི་སྙན་ཞུ24ལ་ཉན་པ་དང་གྲོས་ཞིབ་བྱས་ནས། གྲོས་ཆོད་དང་གཏན་འབེབས་ཁག18བཟོས་ཡོད། ཆེད་དོན་ལྟ་ཞིབ་ཐེངས2བྱས་ཡོད། ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ58བསྐོ་འཐེན་བྱས་པ་དང་། སྲིད་གཞུང་ལས་དོན་སྡེ་ཁག་གི་གཙོ་འགན་འཁུར་མཁན16ལ་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་བྱས་ཡོད། དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལོ་ཧྲིལ་པོར་ཚོགས་འདུ་གལ་ཆེན་དང་། ཁྲིམས་འཛུགས་གལ་ཆེན། ལས་དོན་གལ་ཆེན། བྱ་བ་གལ་ཆེན་སོགས་ཁུལ་ཨུ་ལ་དགོངས་སྐོར་སྙན་སེང་ཐེངས15ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཁུལ་ཨུའི་འགོ་ཁྲིད་འོག་སྤེལ་རྒྱུའི་འགན་ལེན་བྱས་ཡོད། ཁུལ་ཨུའི་ལས་དོན་གཙོ་བོ་ལ་དམ་པོར་དམིགས་ནས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཚན་ཁག་གི་ཁ་ཕྱོགས་སྟངས་འཛིན་དང་ཁྱོན་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི“གཙོ་གནད་གཅིག་དང་འཆར་གཞི་གསུམ” སྤྱི་འདོམས་བྱས་ནས་བཟོས་པ་དང་། ཡུལ་སྡེ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད། འབྲུབ་འགོག་གནོད་སེལ་སོགས་ཀྱི་གཙོ་གནད་ལས་ཀའི་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་མི་དམངས་འཐུས་ཚོགས་ཀྱི་ཁོངས་གཏོགས་སུ་ཕན་འབྲས་ཐོན་པར་འགན་ལེན་བྱས་ཡོད། ལོ་ཧྲིལ་པོར་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་སློབ་སྦྱོང་ཐེངས10དང་། སློབ་སྦྱོང་བགྲོ་གླེང་མི་ཐེངས35དང་། ཆེད་དོན་ཏང་གི་སློབ་ཁྲིད་ཐེངས12བཅས་སྤེལ་ཏེ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གྲུབ་འབྲས་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཡོད། “དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱེད་པ”ཡི་ལས་འགན་གཙོ་བོར་དམིགས་ཏེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མའི་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་མཉམ་སྡེབ། དངུལ་རྩའི་ལས་རིགས་འཁོར་སྐྱོད་སོགས་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད། 《ཁུལ་དང་། རྫོང་། ཡུལ་ཤོག་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཡུལ་སྡེ་དར་རྒྱས་ཀྱི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱ་རྒྱུ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོས་ནས་བཏོན་པ་དང་། ཡུལ་སྡེ་དར་རྒྱས་ལས་དོན་གྱི“ལོ་འཁོར་ཞིབ་བཤེར་ལམ་ལུགས” འཚོལ་ཞིབ་བྱས་ནས་ལག་ལེན་བསྟར་ཏེ་རྫོང་དང་ཡུལ་ཤོག་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡུལ་སྡེ་དར་རྒྱས་ཀྱི་ལས་དོན་ཆེད་མངགས་སྙན་སེང་ཞུ་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་བཏོད་པ་དང་། ལོ་ཧྲིལ་པོར་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག9ཐོ་འགོད་སྙན་འབུལ་དང་།“གཞུང་གཅིག་ཨུ་གཅིག་ཁང་གཉིས” དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག157ཐོ་འགོད་ཞིབ་བཤེར་བྱས་ཡོད། སི་ཁྲོན་ཞིང་ཆེན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་གཞིའི་མཛོད་གཞི་རྟེན་དུ་བྱས་ནས་ཐོ་འགོད་སྙན་སེང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ1016དང་སྲིད་གཞུང་ཁོངས་གཏོགས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ415ཚགས་གསེད་བྱས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱུང་། ལས་ཁུངས་ཀྱི་ལས་བཟོ་ཡོངས་བསྡུས་ནས་ཆ་སྒྲིག་མང་ཚོགས་དུད་ཚང154དང་ཆ་སྒྲིག་གྲྭ་བཙུན་གྱི་ཁྱིམ་ཚང27ལ་འཚམས་འདྲི་དང་འབྲེལ་གཏུག་བྱས་ཤིང་། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཐེངས14བྱས་ཡོད། རྩ་ཁྲིམས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་སོགས་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ300ལྷག་ཧུར་ཐག་སྤེལ་ཡོད། འཐུས་མི་གདན་དྲངས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས། ལྟ་སྐོར་དང་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་པ། ཁྲིམས་བསྟར་ཞིབ་བཤེར་དང་ལས་དོན་དཔྱད་གླེང་སོགས་ཀྱི་བྱེད་སྒོར་ཞུགས་གྲངས150ལྷག་ལ་ཟིན་ཡོད། འཐུས་མིའི་འབྲེལ་གཏུག་ས་ཚུགས(གནས)366བསྐྲུན་ཡོད། འཐུས་མིའི་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས3སྒྲིག་འཛུགས་བྱས་ནས་སྤེལ་བ་དང་མི280ལྷག་ལ་ཁེབས་ཡོད། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཕུལ་བྱུང7དང་སྒྲུབ་འགན་འཁུར་མཁན་སྡེ་ཚན་ཕུལ་བྱུང4ལ་གཟེངས་བསྟོད་བྱས་ཡོད། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་རིང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་གྲོས་འགོ་ཁྱོན171ཡོད་པ་ཚང་མ་བསྒྲུབས་ཚར་ཡོད། ཚོགས་འདུ་གྲོལ་རིང་འཐུས་མིས་བཏོན་པའི་གྲོས་འགོ4ཡོད་པ་དེ་དག་སྒྲུབ་ལན་སློག་ཚད་དང་བློ་ཡིད་ཚིམ་ཚད་ཚང་མ་བརྒྱ་ཆ100ལ་ཟིན་ཡོད། གཞི་རིམ་དུ་ཟབ་ཞུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་རྒྱུན་འཁྱོངས་ནས། བརྟག་དཔྱད་ཞིབ་འཇུག་གི་སྙན་སེང23བྲིས་ཏེ། ཏང་ཨུས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ཁག་གསུམ་ལ་བགོས་ནས་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་གྲོང་ཁྱེར་དང་ཁུལ20ལ་བསྐྱོད་ནས་འབྲེལ་ཡོད་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྔར་བས་སྐུལ་འདེད་བཏང་ཡོད། 《མི་དམངས་འཐུས་མིའི་ཚགས་པར》དང《ཁྲིམས་ལུགས་འཛུགས་སྐྱོང》སོགས་ཚགས་པར་དང་དུས་དེབ་དུ་དྲིལ་བསྒྲགས་ཐེངས42བྱས་ཡོད།།
( སྐལ་ཐུབ་ཀྱིས་བསྡུས་ཏེ་བསྒྱུར།)