国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐན་ཁྲེང་། གནས་འཕྲོད་པ་གཙོ་བོར་བྱས་ནས་གྲོང་ཡུལ་བསྐྲུན་ཏེ། 2025ལོར་སོལ་རླངས་དང་དྲོད། གསོ་རླུང་མཁོ་འདོན་གྱི་ལས་གཞི16ལག་ལེན་བསྟར་བ་དང་། གཞིས་ཁུལ་རྙིང་པ2000བསྒྱུར་བཀོད་བྱ་དགོས།

( པར་ངོས་གཉིས་པར་མཐུད།)སོལ་རླངས་དང་། དྲོད། གསོ་རླུང་བཅས་མཁོ་འདོན་བྱེད་པའི“གནས་འཕྲོད་པའི་ལས་ལས་གཞིའི་རྣམ་གྲངས15ལ་བསྐུལ་ནས་གཞིས་ཁུལ་རྙིང་པ2942བསྒྱུར་བཀོད་བྱས་པ་དང་། ད་ཡོད་སྡོད་ཁང་གི་གློག་སྐས24མང་དུ་བཏང་བ་བཅས་བྱས་ནས་མང་ཚོགས་ཁྲི17ལ་ཕན་པ་ཐོབ་ཡོད།

སྡོད་གནས་ཁོར་ཁུག་ཇེ་ཡག་ཏུ་འགྲོ་བཞིན་པ་ནི་དཀར་མཛེས་མང་ཚོགས་ཀྱི་མིག་སྔར་མཐོང་ཐུབ་པའི་འགྱུར་ལྡོག་ཅིག་ཡིན་ཞིང་།2025ལོའི་གྲོང་ཡུལ་འཛུགས་སྐྲུན་ལས་དོན་ཐད་ལ།“ཤུགས་སྣོན”4ལ་བརྟེན་ནས་འཆར་འགོད་བཟོས་ནས་གྲོང་ཡུལ་མཉམ་འདྲེས་ལ་ཕྱོགས་ཡོངས་ནས་བསྐུལ་བ་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་དང་ལག་ལེན་བསྟར་ཏེ། འཛུགས་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར60ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་དང་། གྲོང་ཁྱེར་གསར་བརྗེ་བྱེད་ཤུགས་ཆེ་རུ་བཏང་ནས་ས་འོག་སྦུག་ལམ་ལས་གྲྭ་ལག་ལེན་བསྟར་བར་བརྒྱུད་རླངས་འཁོར་འཇོག་ས་དང་། གློག་གསོག་ས། ལྗང་བསྒྱུར་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་རྒྱུ། སྡོད་གནས་ལས་གྲྭ་ལ་ཤུགས་བརྒྱབ་ནས་སོལ་རླངས་དང་དྲོད། གསོ་རླུང་མཁོ་འདོན་ལས་གཞི16ལག་ལེན་བསྟར་ཏེ་མཚོ་འཕགས་མཐོ་བའི་གྲོང་ཡུལ་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏང་རྒྱུ། གཞིས་ཁུལ་རྙིང་པ2000བསྒྱུར་བཀོད་བྱས་ཏེ། སྡོད་ཁང་གི་གློག་སྐས་གསར་འཛུགས་ཇེ་མགྱོགས་སུ་བཏང་བ་དང་། གྲོང་ཡུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྐྱེ་ཁམས་འཚོ་གནས་དང་འཚམ་པའི་ཞིང་པའི་སྡོད་ཁང་བསྐྲུན་ཏེ་ཁུལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་གྲོང་ཡུལ་དར་རྒྱས་ཡོང་བར་རོགས་རམ་བྱ་དགོས།།

( ཀུན་དགས་བསྒྱུར།)