国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏིང་ཧྲུའུ་ཅོན། གནས་མཆོག་དཀར་མཛེས་ཁུལ་གྱི་གཉིས་བཀུར་ལས་དོན་སྐད་གྲགས་ཆོད་ཚད་ཆེ་རུ་གཏང་དགོས།

ཁུལ་ཡོངས་དང་རྫོང(གྲོང་ཁྱེར)11ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ། ཞིང་ཆེན་གཉིས་བཀུར་གཞུང་དོན་ཁང་བཅས་ཀྱི་གཟེངས་བསྟོད་ཐོབ་པ་དང་། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གསར་འཛུགས་ལ་ཞིང་ཆེན་རིམ་པའི་བརྟག་ཞིབ་དང་དཔྱད་བསྡུར་གྱི་ཆོག་མཆན་ཐོབ་པ་རེད། 2024ལོར་དཀར་མཛེས་ཁུལ་གྱི་གཉིས་བཀུར་ལས་དོན་གྱི་ཁྱད་ཆོས་མངོན་པར་གསལ་ས་མང་པོ་ཡོད། གྲུབ་འབྲས་འབུར་དུ་ཐོན་པ་དེ་ཚོ་ཐོབ་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དཀར་མཛེས་དམག་ཁུལ་བཅས་ཀྱིས་མཐོང་ཆེན་བྱས་ཏེ། གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་ལ་རག་ལས་ཡོད། ལེགས་ཆ་འདོན་སྤེལ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གཉིས་བཀུར་གསར་འཛུགས་ཀྱི་ཁོར་ཡུག་གསར་པར་བསྐྲུན་པ་ལ་རག་ལས་ཡོད། དམག་དང་ས་གནས་ཀྱིས་མཉམ་འཛུགས་མཉམ་སྐྲུན་བྱས་ནས་དམག་དམངས་མཐུན་སྒྲིལ་གྱི་ལེའུ་གསར་པ་བརྩམས་པ་ལ་རག་ལས་པ་རེད། རེ་སྒུག་དང་བསྟུན་ཞིང་ལྟ་སྐྱོང་རྒྱ་བསྐྱེད་དེ་བརྩི་སྲུང་གུས་བཀུར་གྱི་རྣམ་པ་གསར་པ་མངོན་པར་རག་ལས་ཡོད།

ལོ་གསར་པའི་ནང་དམིགས་འབེན་གཅིག་གཏན་འཁེལ་བྱས་ནས་ཕྱོགས་བཞིའི་སྒོ་ནས་ལས་དོན་སྤེལ་དགོས་པ་སྟེ། གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་གཏོད་པའི་གྲུབ་འབྲས་སྲ་བརྟན་ཏན་ཏིག་བྱེད་པའི་དམིགས་འབེན་འདི་ལ་དམ་པོར་དམིགས་དགོས། གཅིག་ནི་གཉིས་བཀུར་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གཉིས་ནི་གཉིས་བཀུར་རིག་གནས་འཛུགས་སྐྱོང་དང་གསར་བརྗེའི་སྒྲོག་འགྲེལ་པའི་རུ་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། གསུམ་ནི་དམག་དང་ས་གནས་བར་ཕན་ཚུན་དོན་དག་དངོས་སྒྲུབ་རེས་ཀྱི“གསལ་ཐོ་གཉིས”ཀྱི་ལམ་ལུགས་རྒྱུན་ལྡན་གྱི་སྒོ་ནས་དོན་འཁྱོལ་བྱ་དགོས། བཞི་ནི “མི་རིགས་མཐུན་སྒྲིལ་ཆེན་པོ་དང་དམག་དམངས་ཁྱིམ་ཚང་གཅིག”གི་ལག་ལེན་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས།།

( བདེ་ཆེན་གྱིས་བསྒྱུར།)