སྤྱི་ཟླ་དང་པོའི་ཚེས5ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་གྲུབ་ནས་གྲོལ་བ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་དང་། ཀྲུའུ་ཞི་གཞོན་པ་ལིའུ་ཙུང་ཅན་དང་། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཚེ་རིང་དབང་མོ། འཆི་མེད། ལིའུ་ཧུང་། དྲུང་ཆེན་ཞེ་ཏ་ཆོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་སོགས་གདན་ཞུས་ལྟར་ཚོགས་འདུར་ཕེབས་ཤིང་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
( པར་ངོས་བཞི་པར་གཟིགས།)