国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲང་ཐུང་རུང་ཀྲུང་གུང་རིགས་ཁོངས་ཚོ་ཆུང་དང་པོའི་གྲོས་བསྡུར་ལ་ཞུགས།

( པར་ངོས་དང་པོར་མཐུད།)ངར་ཤུགས་སྔར་ལས་འདང་ངེས་བཅས་ཀྱི་ཐོག་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་ཆེད་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

གྲོས་བསྡུར་ཁྲོད་དུ་ཨུ་ཡོན་ཚོས་སྙན་སེང་གི་ནང་དོན་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་རང་རང་གི་བསམ་འཆར་དང་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། ཨུ་ཡོན་ཚོས་དངོས་ཐོག་བདེན་འཚོལ་གྱིས་གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད། དོན་ངོ་མ་ཤེས་པར་དམིགས་ནས་ཐབས་འདོན་ཐབས་ཇུས་དོན་ལ་གནས་པ་ཡང་བཏོན་ཡོད།

ཀྲང་ཐུང་རུང་གིས་ཨུ་ཡོན་ཚོས་བཏོན་པའི་བསམ་འཆར་དང་ཐབས་ཇུས་ལ་ཉན་པར་མ་ཟད། རེ་རེ་བཞིན་ལན་བརྒྱབ་པ་དང་ཚང་མ་དང་སྤེལ་རེས་ཀྱང་བྱས་ཡོད། ཁོང་གིས་ཨུ་ཡོན་རྣམ་པ་ཚོའི་གཏམ་བཤད་ནི་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་ཡོད་པས་བཏོན་པའི་གྲོས་འགོ་ལ་དགེ་མཚན་ལྡན་པ་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་རྒྱུ་ཡིན།

ཀྲང་ཐུང་རུང་གིས་བསྟན་དོན། 2025ལོ་ནི་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་མཐར་ཕྱིན་གཏོང་བའི་ལོ་གལ་ཆེན་ཞིག་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་ལེན་མཇུག་འགྲིལ་བའི་ལོ། དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་པར་འབད་བརྩོན་བྱེད་པའི་ལོ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་ཀྱི་དགོངས་དོན་། དེ་བཞིན་སི་ཁྲོན་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་སྐྲུན་པར་ཕྱོགས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་སྔར་ལས་ལེགས་པར་འདོན་ཞིང་། དོན་ལ་གནས་པའི་གྲོས་འགོ་མང་ཙམ་འདོན་པ་དང་རྣམ་དཔྱོད་ལྡན་པའི་ཐབས་ཇུས་མང་ཙམ་འདོན་པ། དམངས་ལ་ཕན་པ་ཐོབ་པའི་བྱ་བ་མང་ཙམ་གཉེར་བ། མཐུན་སྒྲིལ་གྱི་སྟོབས་ཤུགས་མང་ཙམ་བསྡུ་བ་བཅས་ཀྱི་སྒོ་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་འབྲི་ཆེད་སྲིད་གྲོས་ཀྱི་འགན་འཁྲི་མངོན་པ་དང་སྲིད་གྲོས་ཀྱི་བྱས་རྗེས་གཞག་དགོས།

ཀྲང་ཐུང་རུང་གིས་ནན་གསུང་གནང་དོན། ལོ་གསར་པའི་རྒྱང་སྐྱོད་ལམ་གསར་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་བཏོན་ཏེ་དམ་འཛིན་དངོས་སྒྲུབ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། རྒྱུན་མཐུད་འཚོལ་ཞིབ་གསར་གཏོད་བཅས་བྱས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་སྒུལ་ཤུགས་སྟོབས་ལྡན་གཏང་དགོས། བརྟག་ཞིབ་ལས་དོན་ལ་ཤུགས་བརྒྱབ་ནས་གྲོས་འཆར་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གྲོས་འཆར་ཁག་སྔར་བས་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བ། ཕན་ནུས་ལྡན་པ་བཅས་ཡོང་བའི་འགན་ལེན་བྱ་དགོས། དྲོད་རླངས་དང་གསོ་རླུང་འདོན་པ་སོགས་དམངས་འཚོ་ཁྱབ་ཁོངས་ལ་དམིགས་ཏེ་གྲོས་འཆར་བཟང་པོ་ལས་དོན་དང་འཕེལ་རྒྱས་ཀྱི་སྐུལ་བྱེད་བཟང་པོར་བསྒྱུར་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་བྱས་རྗེས་གསར་པ་འབུལ་དགོས།།

( ཀུན་དགས་བསྒྱུར།)