国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ལོ་གཅིག་རིང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐུགས་ཁུར་མཛུབ་ཁྲིད་འོག་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་རྐང་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། མངག་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་འབད་འབུངས་ཡར་བརྩོན་གྱིས་ཞིང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཏན་ཏིག་བསྒྲུབས་ཡོད། ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་པར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་བྱས་རྗེས་སུ་ཕུལ་ཡོད།

སྙན་སེང་ནང་བསྟན་དོན། ལོ་གཅིག་གི་རིང་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དད་བརྟན་སྤྱོད་ནན་བྱས་པ་སྟེ། ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཆེ་རུ་བཏང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་བཅས་བྱས་ཡོད། ལོ་གཅིག་རིང་ཞབས་ཞུ་ལས་འགན་ཨང་དང་པོར་དམིགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བར་བྱ་སྤྱོད་ཐད་ནས་མངོན་ཞིང་ཕན་འབྲས་ཐོན་པར་བྱས་པ་སྟེ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་བཟང་ཕྱོགས་སུ་འཕེལ་བར་སྐུལ་རོགས་བྱས་ཡོད་པ་དང་། ཡུལ་སྡེ་དར་རྒྱས་ལ་ཕན་འབྲས་ཐོན་པར་ཤུགས་བསྣན་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རམ་འདེགས་བྱས་ཡོད། ལོ་གཅིག་རིང་ཁྲིམས་བཟང་ལ་བརྟེན་ནས་བཅོས་སྐྱོང་མཁས་པར་སྐུལ་བ་མཐའ་འཁྱོངས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བར་སྟོབས་ཡོད་འཇོན་ཡོད་བྱས་ཡོད་པ་སྟེ། ཁྲིམས་སྐྱོང་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་ཡོང་བར་བསྐུལ་ཡོད་པ་དང་། ཁྲིམས་འཛུགས་ལམ་སྲོལ་མུ་མཐུད་དེ་འཐུས་ཚང་དུ་ཕྱིན་ཡོད་ཅིང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་ཤུགས་ཆེ་རུ་བཏང་ཡོད། ལོ་གཅིག་རིང་མི་དམངས་གཙིགས་སུ་འཛིན་པའི་འདུ་ཤེས་ལག་ལེན་བསྟར་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་ཡོང་བར་འགན་སྲུང་ཐུབ་ཆེད་བློ་གཅིག་སེམས་གཅིག་དང་བརྩེ་སེམས་བཅངས་ཡོད་པ་སྟེ། དམངས་ཀྱི་འབོད་སྒྲ་ཨ་ལན་སློག་པའི་ཡུན་ཕན་ལམ་སྲོལ་བཙུགས་ཡོད་པ་དང་། སྤྱི་པའི་ཞབས་ཞུ་སྤུས་ལེགས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད་ཅིང་། མི་རིགས་མཐུན་སྒྲིལ་གྱི་མཛེས་མཐུན་རི་མོ་མཉམ་དུ་བྲིས་ཡོད། ལོ་གཅིག་རིང་འཐུས་མིའི་བྱེད་པོའི་གོ་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟབ་ཕྱོགས་དང་ནན་ཕྱོགས་སུ་སྐུལ་འདེད་བཏང་ཡོད་པ་སྟེ། འཐུས་མིས་འགན་འཁྲི་སྒྲུབ་པའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད་པ་དང་། གྲོས་འགོ་སྒྲུབ་གཉེར་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཡོད། ལོ་གཅིག་གི་རིང་ལ་རྩ་བ་དང་རྨང་གཞི་སྲ་བརྟན་གཏོང་བ་མཐའ་འཁྱོངས་ཏེ་རང་ངོས་འཛུགས་སྐྱོང་ལ་བསྐུལ་ནས་ཕུགས་ཕན་ཡུན་སྐྱོང་ཐུབ་པ་བྱས་ཡོད་པ་སྟེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད་ཅིང་། མི་དམངས་འཐུས་ཚོགས་ཀྱི་རིག་གནས་འཛུགས་སྐྱོང་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་ཡོད།

སྙན་སེང་དུ་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུལ་འགྲིལ་བའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ75འཁོར་བའི་ལོ་ཡང་ཡིན་པ་རེད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱ་རྒྱུ་ནི་མི་དམངས་འཐུས་ཚོགས་རིམ་པ་ཁག་གི་འགན་འཁྲི་གལ་ཆེན་དང་ལས་འགན་གལ་ཆེན་ཡིན་པ་རེད། ཁུལ་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་རྒྱུན་འཁྱོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བར་རྒྱུན་འཁྱོངས་ཏེ། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་ཏེ།“ལས་ཁུངས་བཞི”ཡི་ཚད་དཔོག་བླང་བྱར་དམ་པོར་དམིགས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱ་རྒྱུ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། ཁྲིམས་ལྟར་འགན་ནུས་སྒྲུབ་པ། གཞུང་བསྲངས་གསར་གཏོད་བྱེད་ཅིང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ཁྲིད་སྟོན་དུ་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་རྒྱུར་བསྐུལ་བ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པར་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས། གཙོ་བོར་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ།

སྙན་སེང་དུ་བསྟན་དོན། 2025ལོར་གཙོ་བོར་གཤམ་གསལ་ཕྱོགས་ལྔའི་ཐད་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་བརྒྱག་དགོས། གཉིས་ནི་ཁྲིམས་བཟང་ལེགས་སྐྱོང་འབུར་དུ་ཐོན་པར་བྱས་ནས་ས་གནས་ཀྱི་ཁྲིམས་འཛུགས་ལ་ཤུགས་བརྒྱག་དགོས།གསུམ་ནི་གནད་འཕིགས་ཤུགས་འདོན་འབུར་དུ་ཐོན་པར་བྱས་ནས་ལྟ་སྐུལ་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་བྱེད་པོའི་གོ་གནས་འབུར་དུ་ཐོན་པར་བྱས་ནས་འཐུས་མིའི་ལས་དོན་ལ་ཤུགས་བརྒྱག་དགོས། ལྔ་ནི་ཕན་ཆོད་ཆེ་རུ་གཏོང་བ་འབུར་དུ་ཐོན་པར་བྱས་ཏེ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།

ཐེངས་འདིའི་གྲོས་ཚོགས་སུ་ད་དུང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཞུས་ཅ་ཞུང་གིས་ཞུས་པའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་མགོ་གཙོ་ཧུའུ་པང་ཡུང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ལ་ཉན་འཇོག་བྱས་ཤིང་། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད།

འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད། སྤྱི་འབངས3གདན་དྲངས་ནས་ཞུགས་ཡོད།

( སྐལ་ཐུབ་དང་ཡེ་ཤེས། རྒྱ་མཚོ་བཅས་ཀྱིས་བྲིས་ཤིང་པར་བླངས།)