国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དམིགས་འབེན་ལས་འགན་ལ་དམིགས་ཤིང་ཁྱོན་ཡོངས་དང་རྒྱུན་མཐུད་ངང་ཤུགས་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས།

( པར་ངོས་དང་པོར་མཐུད།)

ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ལས་ཀའི་སྙན་སེང་། དེ་མིན་ལས་ཀའི་སྙན་སེང་གཞན་དག་བཅས་ལ་མོས་མཐུན་གནང་ཞིང་། ཁོང་གིས་ཁུལ་ཨུའི་ཉག་ཆུ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག“རྫོང་ཁོངས་དཔལ་འབྱོར་སྟོབས་ལྡན་རྫོང་འཛུགས་སྐྱོང་མགྱོགས་སུ་བྱེད་པ་དང་།དཀར་མཛེས་ཁུལ་གྱི་དབུས་རྒྱུད་བདེ་འཇགས་བརྟན་བརླིང་བར་ཁྱམས་ཧུར་ཐག་བསྐྲུན་པ་དང་། དཀར་མཛེས་ཁུལ་གྱི་དབུས་རྒྱུད་དར་རྒྱས་ཀྱི་མཐོ་ས་ཤུགས་ཡོད་རྒུས་སྐྲུན་པ”ཡི་འཕེལ་རྒྱས་ཀྱི་ཚུགས་གནས་དང་ལས་ཀའི་བླང་བྱ་བཏོན་ཡོད། ལོ་གཉིས་རིང་འབད་བརྩོན་བྱས་པར་བརྒྱུད་ཉག་ཆུ་རྫོང་གི་ལས་དོན་ཁག་ལ་གྲུབ་འབྲས་དགའ་འོས་པ་ཐོབ་ཡོད་ལ། ལྷག་པར་དུ་ན་ནིང་དཔལ་འབྱོར་ཆག་པའི་གནོན་ཤུགས་དང་རང་བྱུང་གནོད་འཚེ་སོགས་འགྲན་སློང་མང་པོའི་མདུན་དུ་རྒྱ་ཆེའི་ཏང་མི་ལས་བྱེད་པས་རང་དཔེ་གཞན་སྟོན་དང་མདུན་ནས་བཀོད་འདོམས་བྱས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་སྤྱད་འགག་སྒྲོལ་དང་དཀའ་ངལ་ཁྱད་བསད་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་དང་།དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོ་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། སྐྱེ་ཁམས་ཀྱི་གཞི་མདངས་མངོན་གསལ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་པ་སོགས་ཚང་མས་དཀའ་སྤྱད་འབད་བརྩོན་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏང་རྒྱུའི་ཐད་མུ་མཐུད་དུ་ཤུགས་རྒྱག་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་དགོས། ཆུ་ཚད་མཐོ་བའི་བདེ་འཇགས་ཁག་ཐེག་བྱེད་པའི་ཐད་མུ་མཐུད་དུ་ཤུགས་རྒྱག་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་མུ་མཐུད་དུ་ཤུགས་རྒྱག་དགོས། སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་དུ་བསྐྲུན་པའི་ཐད་མུ་མཐུད་དུ་ཤུགས་རྒྱག་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཉག་ཆུ་རྫོང་གིས་དུས་བབ་དང་ལས་འགན་གསར་པར་ཟུང་འབྲེལ་བྱས་ཏེ་གཞི་རིམ་གྱི་ཁྲིད་སྟོན་བྱེད་ཕྱོགས་གསལ་པོ་སྒོས་དམ་དུ་འཛིན་ཏེ་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་མི་ལས་བྱེད་པའི་དཔུང་ཁག་དེ་སྲ་བརྟན་གྱི་བཙན་རྫོང་དང་རྐང་འཛིན་དཔུང་ཁག་ཏུ་བསྐྲུན་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཏེ། ལས་བྱེད་པའི་ཆབ་སྲིད་ལངས་ཕྱོགས་ཞིབ་བཤེར་ཡོངས་ཁྱབ་ཏུ་སྤེལ་བ། ཉམས་ཞན་དང་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་དག་ཐེར་བྱས་ཏེ། གྲོང་སྡེའི“ཨུ་ཡོན་ལྷན་ཁང་གཉིས”སྐབས་བརྗེ་ལས་དོན་སྔ་ཙམ་འཆར་འགོད་དང་སྔ་ཙམ་བཀོད་སྒྲིག་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་མུ་མཐུད་དུ་ཡང་དུ་བཏང་ནས་རྒྱ་ཆེའི་ལས་བྱེད་པར་ལས་ཀ་ཡག་པོ་སྒྲུབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་ཡོད་དུ་འཇུག་དགོས།།

(ལྷ་འཛོམས་ཀྱིས་བསྒྱུར།)