སྤྱི་ཟླ་དང་པོའི་ཚེས7ཉིན།ཁུལ་ཨུས་དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། 2024ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཞིང་སྡེའི་ལས་དོན་ཕྱོགས་བསྡོམས་དང2025ལོའི་དཔལ་འབྱོར་དང་ཞིང་སྡེའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཐུང་རུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་བ་དེས་མིག་སྔའི་སྤྱི་ཁོག་གི་འཕེལ་ཕྱོགས་ལ་ལྟ་སྟངས་ཇི་ལྟར་འཛིན་པ་དང་ད་ལོའི་ལས་དོན་ཇི་ལྟར་སྒྲུབ་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། 2024ལོ་ནི་དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་མདུན་དུ་བསྐྱོད་པ་དང་།ཧུར་བརྩོན་འབད་ཐག་བྱེད་པའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་གཏོང་ལ་དམ་པོར་དམིགས་ནས།“ལག་ལེན་ནན་པོར་འཛིན། བྱ་སྤྱོད་དངོས་ལ་ལྟ། གྲུབ་འབྲས་ཐོན་པར་བྱེད”བཅས་དམ་འཛིན་བྱས་ཏེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་དེ་བས་དོ་སྣང་བྱེད་པ། བསྒྱུར་བཅོས་ཀྱི་གསོན་ཤུགས་སློང་བར་དེ་བས་དོ་སྣང་བྱེད་པ།དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་དེ་བས་དོ་སྣང་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པར་སྔར་བས་དོ་སྣང་བྱེད་པ་བཅས་བྱས་ཏེ།ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལ་བརྩོན་ཞིང་འཛུགས་སྐྲུན་བྱེད་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བ། ལོ་འགོའི་གཏན་ལ་ཕབ་པའི་ལས་འགན་ཁག་ཕལ་ཆེར་གྲུབ་ཡོད། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་ཞིང་ལེགས་ཕྱོགས་སུ་འགྲོ་བ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་བསྐུལ་བའི་ཐད་སྲ་ཞིང་བརྟན་པའི་གོམ་པ་སྤོས་ཡོད།
ཚོགས་འདུའི་ཐོག2025ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་གྱིས་གཙོ་གནད་ལས་དོན་ཁག་དམ་འཛིན་བྱེད་པ་དང་། མ་འཇོག་ཆེ་རུ་གཏོང་བ། འཛད་སྤྱོད་ཆེ་རུ་གཏོང་བ། ཐོན་ལས་ཆེ་རུ་གཏོང་བ།འགུལ་ནུས་ཇེ་ཆེར་གཏོང་བ། བསྒྱུར་བཅོས་དམ་འཛིན་དང་མཐུན་སྦྱོར་ལ་སྐུལ་འདེད། ཡུལ་སྡེ་དར་རྒྱས། དམངས་འཚོར་ཕན་ཐོགས་བཅས་བྱ་དགོས་ཞེས་གསལ་པོར་བཏོན་ཡོད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རང་རྟོགས་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་དུ་བཏང་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མཐིལ་ཚད་མཐའ་གཅིག་ཏུ་སྲུང་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་འཛུགས་དགོས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།“གནང་བ་གསུམ་དང་ཕན་ཐོགས་གཅིག”རྒྱུན་འཁྱོངས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཟབ་ཏུ་སྐུལ་ཞིང་། འདུ་ཤེས་འཛིན་སྟངས་ལས་དོན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་དུ་འཁྱོལ་བ་དང་། ས་ཁོངས་ལས་བརྒལ་བའི་ཐོལ་བྱུང་དོན་རྐྱེན་གལ་ཆེན་འགོག་ཟོན་ཐག་གཅོད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་འཚོ་སྲུང་གི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས།( པར་ངོས་བཞི་པར་གཟིགས།)