༄༅།། སྤྱི་ཟླ་དང་པོའི་ཚེས8ཉིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་དབྱང་པོ་དང་བཅས་པས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་ཁེ་ལས་དང་བྱ་གཞག་སྡེ་ཚན། སློབ་གྲྭ་སོགས་ཀྱི་སྡེ་ཁག་ལ་ཕྱིན་ནས་ངལ་རྩོལ་དཔེ་བཟང་དང་དཀའ་ངལ་ཡོད་པའི་ལས་བཟོ་པར་འཚམས་འདྲི་གནང་བར་མ་ཟད། འཚམས་འདྲི་དངོས་པོ་དང་དུས་ཆེན་གྱི་སྨོན་འདུན་ཞུ་བ་རེད།།
༄༅།། 2024ལོའི་ཟླ་བ12པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྒྱལ་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན་འགྲེམས་སྤེལ་བྱས་ཤིང་། རང་ཁུལ་གྱི་ལས་འཁྱུར་ལས་བྱེད་པ་ཞུང་ཀྲི་རུང་མིང་ཐོ་དེའི་ནང་ཚུད་ཡོད་པ་རེད།།