བོད་ལྗོངས་དིང་རི་ས་འགུལ་ལ།
གངས་འདབས་ཀྱི་ཉེ་སར།
ལུས་སེམས་གཉིས་ཀ་སྐྱོ་བས་གཙེས།
ཕངས་སེམས་ཀྱི་སྔམ་པ་འཐེན་ཞོར།
གྲང་ངར་ཐེབས་པའི་གདུང་བ་ཡོད་ཚད།
གློ་བུར་དུ་མུན་པའི་སྦུགས་སུ་དྲངས་དགོས་བྱུང་།
ང་ཡི་འཆར་ཡན་ཁྲོད་ཀྱི་རི་ཚོགས་དེ་དག།
དྲན་སྣང་གི་དབུས་སུ་མྱ་ངན་གྱི་གདུང་སེམས་མཆིས།
འཁོར་བའི་འདུ་འབྲལ་གྱི་ཡོ་ལང་རྒོད་ཀྱང་།
བསླུ་མེད་ཀྱི་སྐྱབས་དམ་པས།
བདེན་ལུགས་ཀྱི་སྲུང་མ་མཛོད།
༼ ཇེང་། ༽