国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དིང་རི་བ།

འགུལ་བྱུང་།

གློ་བུར་ངང་།

ཡ་ང་བའི་ངང་།

མི་སེམས་ཀྱང་སྐྱོ་སྣང་གིས་འགུལ་བྱུང་།

འགུལ་བྱུང་།

དིང་བ་རི།

ཉམ་ང་བའི་ངང་།

དབུགས་ཀྱི་རྒྱུ་བའང་།

རྡོ་བའི་བར་གསེང་ནས་འགུལ་བྱུང་།

འགུལ་བྱུང་།

སེམས་པའི་མི་ཐེག་པའི་གདུངས་བ།

ཆོས་ཉིད་ཀྱི་གཏན་ཚིགས་སུ་གྱུར་ནས།

འབྱུང་ཁམས་ཀྱི་གནོད་པ།

གངས་ཅན་པའི་ལྗོངས་ནས་འགུལ་བྱུང་།

འགུལ་བྱུང་།

གསེར་སྡོང་གི་ཤུག་པ་ཁེར་སྐྱེས།

ཡིག་དྲུག་གི་དབྱངས་རྟ་དང་བསྡོངས་ཏེ།

དིང་རི་བའི་ཡུལ་མི་ཚོའི་མིག་ཆུ་དང་བསྡེབས་

ནས་འགུལ་བྱུང་།

༼ ཨ་ནུ་དད་ཞེན། ༽