国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཚེགས་ཀློང་གི་དིང་རི་བ།

སྔོ་ཡུག་ཡུག་གི་ནམ་མཁའ་རྡིབ་པ་མིན་ལ། །

སྐྱ་ཤང་ཤང་གི་གཙང་པོ་སྐམ་པ་མིན་མོད། །

ལྗིད་ཏིག་ཏིག་གི་ས་གཞི་འགུལ་ཐེངས་ཤིག་གིས། །

སྐྱོ་ལྷང་ལྷང་གི་ན་ཟུག་སེམས་སུ་ལྷུང་ཐལ། །

རི་མཐོན་པོའི་རྩེ་མོ་ཤེལ་གྱིས་བཞེངས་འདྲ་ཡི། །

ས་གཙང་ས་འབག་བསླད་དྲི་ཡིས་མ་གོས་པའི། །

ཡུལ་གནས་མཆོག་མི་མཆོག་འཛོམས་པའི་རི་གྲོང་དེ། །

རྡུལ་ཐལ་བས་བརླག་ན་སེམས་ཚེགས་སྐྱེས་ནས་ཐལ། །

རྒྱུས་མེད་ལ་བཅར་ཙམ་མེད་ཀྱང་རིགས་གཅིག་པའི། །

གདོང་སྨུག་པོ་དག་གི་ཟུག་རྔུ་མཐོང་བའི་མོད། །

སེམས་གངས་དཀར་མེ་ལོང་སིལ་བུར་ཆག་ནས་ཐལ། །

ངག་མགྲིན་པའི་སྦུབས་ནས་ཚིག་འགའ་བསྔངས་ནས་ཐལ། །

རིགས་གཅིག་པའི་རིགས་མཐུན་རིགས་ཀྱི་མིང་སྲིང་ཚོ། །

རྐྱེན་མགོ་རུ་ལྷུང་དུས་ཡིད་རྩ་སྐྱ་མོ་མ་རྨོངས་དང་། །

སྟོད་གན་ཀི་གངས་རི་མཐོ་བ་ནང་བཞིན་དུ། །

ཁྱེད་རི་གྲོང་སླར་རྒྱས་སྨོན་ལམ་ཡང་ཡང་འདེབས། །

དྲོད་ཁེབས་པའི་ལག་ཟུང་འཇམ་པོ་མེད་ན་ཡང་། །

སེམས་ཚོར་བའི་དྲན་པ་སྙི་མོ་སྙི་མོ་ཞིག །

སྡུག་ཕྲག་ཁར་ལྷུང་བའི་ལྷོ་ཁའི་རི་གྲོང་དེར། །

མིག་མཆི་མ་འབྱིད་པའི་རྐྱེན་དུ་འབུལ་ན་འདོད། །

༼ གཡེར་མ། ༽