国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུས་དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་ཚོགས་འདུ་འཚོགས།

( པར་ངོས་དང་པོར་མཐུད།) ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་བར་བརྩོན་ནས་དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ། འགལ་བ་དང་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་བཅོས་སྐྱོང་ཇེ་ཟབ་ཏུ་སྤེལ་ཞིང་། བགྲོད་ལམ་འགྲིམ་འགྲུལ་དང་བཟའ་བཅའ་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་དམ་འཛིན་བྱས་པ་དང་།བསླབ་བྱར་དང་ལེན་ཟབ་མོ་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་པ།ནགས་རྩྭ་མེ་སྐྱོན་འགོག་གསོད་རྒྱུན་ཚུལ་ཅན་གྱི་བཅོས་སྐྱོང་དང་གནོད་འགོག་གནོད་སེལ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། སྐྱེ་ཁམས་ཉེན་མེད་ཀྱི་སྲུང་ཡོལ་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་ནས་གནམ་སྔོ་ཞིང་ཆུ་དྭངས་པའི་གནས་མཆོག་སྲུང་སྐྱོང་དམག་འཐབ་མུ་མཐུད་ནས་ཡག་པོ་བརྒྱབ་སྟེ། འབྱུང་འཕྲོད་ཐཱན་ཉུང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། “ཐཱན་ཚད་ལོན་གྱི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་བྱས་ཏེ། འབྱུང་འཕྲོད་ཀྱི་ཚན་རྩལ་གསར་གཏོད་དང་སྔོན་ཐོན་གྱི་འབྱུང་འཕྲོད་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཏན་ཏིག་བསྐྲུན་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔལ་འབྱོར་ལས་དོན་དང་ཞིང་སྡེའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རྩ་བའི་ཐོག་ནས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་རྒྱུ་དེ་ཡིན་ཞིང་། འགག་རྩ་ནི་རིམ་པ་ཁག་གི་ལས་བྱེད་པས་ནན་འཛིན་དངོས་སྒྲུབ་ལ་བརྟེན་དགོས། ཁུལ་ཡོངས་ཀྱི་ཏང་ཨུ(ཏང་ཚན་ཁག)རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“སྤྱོད་ཚུལ་བསྒྱུར།བྱས་རྗེས་འཇོག། སྒྲིག་ལམ་སྲུང”ཞེས་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ད་ལོའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། དཀའ་ངལ་ལ་མ་འཛེམས་པ་དང་།ཧུར་བརྩོན་དང་མ་སྐུལ་དང་བླངས་ངང་བསྒྲུབས་པ་བཅས་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ཀྱིས་ལས་བྱེད་པ་ཚང་མར་ཞིབ་བཤེར་བྱ་གཞི་བྱས་ནས་ཏང་ཨུ་རིམ་པ་ཁག(ཏང་ཚན་ཁག)གིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་ཁག་གི་འགོ་ཁྲིད་ནུས་པ་མཐུན་སྦྱོར་བྱེད་པ། ཁུལ་ཨུའི་བཀོད་སྒྲིག་དང་བསྡུར་ན་རེ་རེ་བཞིན་རྣམ་གྲངས་སུ་ལག་ལེན་བསྟར་ནས་གསལ་ཐོའི་ནང་ཞིབ་ཕྲ་བཀོད་དེ།ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས། ལོ་མཇུག་དང་ལོ་འགོའི་གཙོ་གནད་ལས་དོན་ཁག་ཏན་ཏིག་ལེགས་པར་བསྒྲུབས་ནས་དུས་ཚིགས་དང་པོའི་ལས་འགོ་བརྩམས་པའི“འགོ་འཛུགས་པ”ཡི་ལས་དོན་དམ་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་འགན་ལེན་དང་མང་ཚོགས་དྲོ་སྐྱིད་ལྡན་པའི་ལོ་སར་གཏོང་ཐུབ་པར་འགན་ལེན་བྱ་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)