国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དིང་རི་བ། ཡིད་མ་ཕམ།

གངས་ཀྱི་དབུ་རྩེ་ན་ཉི་མའི་གཟི་བྱིན་

འཕྲོ་དུས།

འཇིགས་རུང་གི་ཐལ་རྡུལ་རླུང་དམར་

འཚུབ་པའི་ཉིན་མོ་གཅིག།

གངས་འདབས་ན་འཚོ་བའི་དབུས་ཀྱི་དིང་

རི་བའི་ཡུལ་ལུང་ན།

ནང་སེམས་ཀྱི་དཀྱིལ་དུ་སྐྱོ་གདུང་གི་མུན་པ་

འཐིབས།

སེམས་མ་ངུ་། སྙིང་སྟོབས་སྐྱེད་དང་།

དཔྱིད་ཀའི་དཔལ་ཡོན་བཞིན་འཚོ་བ་ལ་གཟི་

བྱིན་འཕྲོ་ཡོང་བའི་སྨོན་ལམ་བྱས་ཡོད།

གནམ་རྒན་མས་བཀའ་བཀོད་འོག།

མགོ་ཐོག་མི་འདོད་པའི་མུན་པས་

བསྒྲིབས་ཀྱང་།

ནང་སེམས་ན་དད་སེམས་ཀྱི་ཉི་ཟླ་འཛུམ་པའི་

གངས་རིའི་སྤུན།

ཁྱོད་ཀྱི་མིག་མཐའ་ན་འཁྱིལ་བའི་མིག་

ཆུའི་ཐིགས་པ་རེ་རེའི་རྒྱབ་ན།

སུས་ཀྱང་དཔོག་པར་དཀའ་བའི་སྐྱོ་གདུང་གི་

གཏམ་རྒྱུད་ཅིག་བསྙལ་ཡོད་ངེས།

སྙིང་སྟོབས་ཀྱི་མེ་ལྕེ་གྱེན་དུ་འབར་དང་དིང་

རི་བ།

རིགས་གཅིག་པའི་སྤུན་ཡ་ནམ་ཟླ་ཚོས།

ཁྱོད་ཅག་གི་རྒྱབ་ཏུ་གདུང་སེསམ་ཀྱི་དར་

ཆ་སྒྲེང་བཞིན་ཡོད།

སེམས་མ་ངུ་ཨང་། གསོལ་འདེབས་དང་སྨོན་

ལམ་གཙང་མ།

ཁྱོད་ཅག་གི་ནམ་མཁའ་ན་སྤྲིན་དཀར་

བཞིན་སྤུར་ཡོང་།

དིང་རི་བ།

ཁྱོད་ལ་སྙིང་སྟོབས་དང་དད་འདུན་ཡོད།

ཁྱོད་ཀྱི་སྙིང་སྟོབས་ནི་གངས་རི་བཞིན་

བརྟན་ལ།

ཁྱོད་ཀྱི་དད་འདུན་ནི་གངས་ཆབ་ལས་

གཙང་བ་ཡིན་སྟབས།

ཁྱོད་རང་སྔར་བཞིན་མགོ་བོ་དགྱེ་དགོས།

དིང་རི་བ།

ཁྱོད་ཀྱིས་ཞོགས་པའི་ཉི་གཞོན་མཐོང་དུས།

གྱེས་བྲལ་དང་ནད་མུག་གི་མུན་པ་སྟུག་

པོ་སངས་བར་སྨོན།

གངས་འདབས་ཀྱི་ས་རྡུལ་ན་ཐིམ་པའི་རྣམ་

ཤེས་དེ་དག།

གངས་ལྷ་མེ་ཏོག་བཞིན།

ཕ་ཡུལ་གངས་ལྗོངས་ཀྱི་ར་བ་ན།

ལང་ཚོ་ཡི་མེ་ཏོག་འདབ་སྟོང་དགོད་པར་སྨོན།

༼ དབྱངས་ལྡེའུ། ༽