ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་རྒྱན་གོས་རིག་གནས་བརྒྱུད་འཛིན་གཟའ་འཁོར་སྐབས་དང་པོ་ལྷ་སར་སྤེལ་བ་རེད། བྱེད་སྒོ་དེའི་དམིགས་ཡུལ་ནི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་བརྒྱུད་འཛིན། བོད་ལྗོངས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱ་ཆེད་རེད། པར་འདི་དག་ནི་བོད་ལྗོངས་ཀྱི་རྒྱན་གོས་རིག་གནས་བརྒྱུད་འཛིན་གཟའ་འཁོར་སྐབས་དང་པོའི་འགོ་འཛུགས་མཛད་སྒོའི་རྒྱན་གོས་འཁྲབ་སྟོན་གྱི་ཡུལ་དངོས་རེད།།