སྤྱི་ཟླ་དང་པོའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན།ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2025ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་འབྲེལ་ཡོད་དོན་དག་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།
ཚོགས་འདུར་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཐད་ཡར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་དང་། །བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཁྲིམས་སྐྱོང་དང་ཚད་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཆོས་ལུགས་ཁྱབ་ཁོངས་སྔར་བས་འཆམ་མཐུན་ཡོང་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བདེ་འཇགས་བརྟན་བརླིང་བྱུང་ཡོད། ཚོགས་འདུར་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཆབ་སྲིད་ཀྱི་གནས་བབ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཆོས་ལུགས་ལས་དོན་ལེགས་པར་བསྒྲུབས་ན་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་དང་དཀར་མཛེས་ཁུལ་ཁྱོན་ཡོངས་ཀྱི་ལས་དོན་ལ་གལ་ཆེའི་རང་བཞིན་ཆེན་པོ་ལྡན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་བརྟན་ཁམས་བདེའི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩི་རྒྱུ་རྒྱུན་འཁྱོངས་པ་དང་། དཀའ་གནད་སེལ་གང་ཐུབ་བྱས་ནས། ཆོས་ལུགས་ཀྲུང་གོ་ཅན་རིམ་བཞིན་གཏིང་ཟབ་ཏུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
( པར་ངོས་གཉིས་པར་གཟིགས།)