国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ་དང་པོའི་ཚེས13ཉིན། ཁུལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་རེ་འདུན་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས་པ་རེད།

ཚོགས་འདུར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དོ་དམ་ཞབས་ཞུའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།ལས་བྱེད་པ་དང་ཤེས་ལྡན་མི་སྣ་འཐུས་མིའི་སྤེལ་རེས་གཏམ་བཤད་ལ་ཉན་པ་རེད།

ཚོགས་འདུར་ནན་བཤད་བྱས་དོན། “གཙོ་ཐིག་གཅིག”ལ་དམིགས་ཏེ་སླར་ཡང་དཔེ་སྟོན་གསར་པ་འཛུགས་དགོས། “ཏང་འཛུགས་སྐྱོང་གིས་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་ཞིང་མཐིལ་སྐྱོར་རང་བཞིན་གྱི་རོགས་སྐྱོད”ལ་དམིགས་ཏེ་སླར་ཡང་དཔེ་སྟོན་གསར་པ་འཛུགས་དགོས། “རིག་གནས་ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས།ནུས་རྒྱུ་གཙང་མ”བཅས་ཀྱི“ལས་དོན་ཆེན་པོ་གསུམ”ལ་དམིགས་ཏེ་སླར་ཡང་དཔེ་སྟོན་གསར་པ་འཛུགས་དགོས། ལས་གཞི་སྣ་ཚོགས་དང་མ་དངུལ། ཐོན་ལས། སྲིད་ཇུས། རོགས་སྐྱོར་མ་ལག་བཅས་འདུས་གྲུབ་ཡོང་བར་སྔར་བས་བསྐུལ་ཏེ་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པར་རོགས་རམ་བྱ་དགོས།། ( བདེ་སྐྱིད་ཀྱིས་བསྒྱུར།)