2024ལོའི་ཟླ་བ12ཚེས5ཉིན་འཚོགས་པའི་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རང་ཁུལ་གྱིས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་དགོས་པའི་སྐོར་ལ་ཚང་འཛོམས་གྲོས་ཚོགས་སུ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་ལ་ཕབ་པའི་སྤྱིའི་དམིགས་འབེན་བཟུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལག་ལེན་ལ་སྐུལ་བར་དམ་པོར་དམིགས་ནས། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། བདེ་འཇགས། ཏང་ལེགས་སྐྱོང་སོགས་ཁྱབ་ཁོངས་སོ་སོའི་བསྒྱུར་བཅོས་ཟབ་ཏུ་སྤེལ་དགོས། 2029ལོར་བསླེབ་དུས་ཆོད་དོན་འདིའི་ནང་བཏོན་པའི་བསྒྱུར་བཅོས་ཀྱི་ལས་འགན་ཁག་འགྲུབ་པ་དང་། 2035ལོར་བསླེབ་དུས་ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་སྒོ་ཚང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཧ་ལམ་ཡོང་ཐུབ་ཅིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་ཧ་ལམ་འགྱུར་ཐུབ་པ་དང་། དུས་རབས་འདིའི་དུས་དཀྱིལ་ལ་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་ཐུབ་པར་རྨང་གཞི་སྲ་ཞིང་བརྟན་པ་གདིང་དགོས་ཞེས་བསྟན་ཡོད། དེ་ལས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་ནང་དོན་དང་དམིགས་འབེན་འགྲུབ་ཡུན་གསལ་པོར་བཏོན་ཡོད་པས་འདི་བཞིན་ལག་ལེན་བསྟར་དགོས་པ་རེད།།
( སྐལ་ཐུབ་ཀྱིས་བྲིས།)