( པར་ངོས་དང་པོར་མཐུད།)བསམ་བློའི་ངོས་འཛིན་གྱི་ནོར་འཁྲུལ་མེད་པར་བཟོས་དགོས། སྲིད་གཞུང་སྡེ་ཁག་རིམ་པ་ཁག་དང་ལས་བྱེད་པས་རང་འགན་གཞན་དཀྲི་དང་།བྱ་བ་མང་པོ་བསྒྲུབ་རྒྱུར་སྐྲག་པ། རྣམ་འགྱུར་གསལ་ལ་མི་གསལ་བ།རྩ་དོན་མེད་པ།རྒྱ་ཡན་གཏོང་བ།བརྟན་བརླིང་ཁོ་ན་ལས་ཟིང་འཁྲུག་ལ་སྐྲག་པ་བཅས་ཀྱི་ནོར་འཁྲུལ་གྱི་བསམ་བློ་མཐའ་གཅིག་ཏུ་འདོར་དགོས། སྲིད་ཇུས་དང་ཁྲིམས་སྲོལ་ཁོང་དུ་ཆུད་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཆོས་ལུགས་ལས་དོན་བཅའ་ཁྲིམས་མ་ལག།སྲིད་ཇུས་བླང་བྱ་སོགས་ཤེས་རྟོགས་ཟབ་མོ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ཁྲིམས་ལྟར་སྲིད་འཛིན་ནུས་པའི་ཆུ་ཚད་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དངོས་སུ་དོན་འཁྱོལ་དོ་དོ་དན་དན་བྱ་དགོས། དེ་བཞིན་ཁྱོན་ཡོངས་ནས་ཡང་དག་པའི་སྒོ་ནས་ཁྲིམས་ལྟར་སྲིད་འཛིན་བྱ་དགོས་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།
ཁུལ་སྲིད་གཞུང་གི་ཏང་ཚན་ཁག་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཁུལ་སྲིད་གཞུང་གི་ཏང་མི་མིན་པའི་ཁུལ་དཔོན་གཞོན་པ། དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
