国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་བརྒྱ་ཆ31.87ལ་ཟིན།

2024ལོར་རྒྱལ་ཡོངས་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་བརྒྱ་ཆ34.74ཟིན་པ་དང་གྲོང་གསེབ་ཡུལ་མིའི་ཆུ་ཚད་བརྒྱ་ཆ29.11ཟིན་པ་དེ2023ལོ་ལས་བརྒྱ་ཆའི་གྲངས1.49དང2.88སོ་སོར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད།

གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་ལས་མངོན་པར། 2024ལོར་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་བརྒྱ་ཆ31.87ཟིན་ནས2023ལོ་ལས་བརྒྱ་ཆའི་གྲངས2.17མཐོ་རུ་ཕྱིན་ཡོད།

2024ལོར་རྒྱལ་ཡོངས་གྲོང་ཁྱེར་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་བརྒྱ་ཆ34.74ཟིན་པ་དང་གྲོང་གསེབ་ཡུལ་མིའི་ཆུ་ཚད་བརྒྱ་ཆ29.11ཟིན་པ་དེ2023ལོ་ལས་བརྒྱ་ཆའི་གྲངས1.49དང2.88སོ་སོར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་བརྒྱ་ཆ34.98དང་། བརྒྱ་ཆ31.48 བརྒྱ་ཆ27.27སོ་སོར་ཟིན་ནས2023ལོ་ལས་བརྒྱ་ཆའི་གྲངས1.68དང་།

2.63 2.83སོ་སོར་འཕར་ཏེ། དབུས་དང་ནུབ་རྒྱུད་ས་ཁུལ་དང་། ཤར་རྒྱུད་ས་ཁུལ་དབར་གྱི་ཧེ་བག་ཇེ་ཆུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་ཤེས་བྱ་དང་འདུ་ཤེས་བྱང་ཚད་ཀྱི་ཆུ་ཚད་བརྒྱ་ཆ44.46དང་། བདེ་ཐང་འཚོ་བ་སྐྱེལ་སྟངས་དང་བྱ་སྤྱོད་བྱང་ཚད་ཀྱི་ཆུ་ཚད་བརྒྱ་ཆ34.45ཟིན་པ། གཞི་རྩའི་རྩལ་ནུས་བྱང་ཚད་ཀྱི་ཆུ་ཚད་བརྒྱ་ཆ28.67ཟིན་པས། 2023ལོ་ལས་བརྒྱ་ཆའི་གྲངས2.46དང་།2.24 1.91སོ་སོར་མཐོ་རུ་ཕྱིན་ཡོད།

ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་རྫོང་(ཆུས)336དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)1008ལ་ཁྱབ་ཡོད་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་ནི་ལོ15ནས69བར་གྱི་རྒྱུན་སྡོད་མི་འབོར་ཡིན་པ་དང་། ཁྱོན་ནུས་ལྡན་གྱི་བརྟག་དཔྱད་འདྲི་ཤོག71828བླངས་ཡོད།།

(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)