国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས།

སྤྱི་ཟླ་དང་པོའི་ཚེས19ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ཁྲེང་ཏུའུ་རུ་འཚོགས།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་། ཧྲི་ཞའོ་ལིན་དང་ཡུས་ལི་ཅུན་ཚོགས་འདུར་ཕེབས། ཐེན་ཞང་ལི་ཡིས་ལས་དོན་སྙན་སེང་ཞུས།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་། ཧྲི་ཞའོ་ལིན་དང་ཡུས་ལི་ཅུན་ཚོགས་འདུར་ཕེབས། ཐེན་ཞང་ལི་ཡིས་ལས་དོན་སྙན་སེང་ཞུས།

སྤྱི་ཟླ་དང་པོའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་དང་ཀྲུའུ་ཞི་གཞོན་པ་ཀྲུང་མེན་དང་། ཏུའུ་ཧོ་ཕིན། རྡོ་རྗེ་རབ་བརྟན། ལིན་ཧྲུའུ་ཁྲེན། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིན། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་།ཞུས་ཝུའེ་ལིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཧྲི་ཞའོ་ལིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ལི་ཅུན་བཅས་ཚོགས་འདུར་ཕེབས་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།

ད་ཐེངས་ཀྱི་ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན887དང་།དངོས་སུ་ཞུགས་པའི་ཨུ་ཡོན821ཡོད་པས། གཏན་འབེབས་མི་གྲངས་དང་མཐུན་ཡོད། འགོ་འཛུགས་ཚོགས་འདུ་ཀྲུང་མེན་གྱིས་གཙོ་སྐྱོང་བྱས་ཤིང་། སྔ་དྲོའི་ཆུ་ཚོད9པར་ཀྲུང་མེན་གྱིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོག་པ་ཁྱབ་བསྒྲགས་བྱས་པ་དང་། ཡོངས་རྫོགས་ཡར་ལངས་ནས་རྒྱལ་གླུ་བླངས།

ཚོགས་ཆེན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་། ཐེན་ཞང་ལི་ཡིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སེང་གནང་བ་རེད།

སྙན་སེང་ནང་བསྟན་དོན། ལོ་གཅིག་རིང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།བློ་བརྟན་འགྱུར་མེད་ངང“དོན་ཐོག་འཁྱོལ་བ་དང་གོང་བུར་གཅིག་ཏུ་འགྲིལ་བ”ཡི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས།“བསམ་བློ་གསར་པ་སློབ་སྦྱོང་དང་ལས་འགན་གསར་པ་ལག་ལེན་བསྟར་བ།( པར་ངོས་གཉིས་པར་གཟིགས།)