国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་དམག་ཨུ་ཡིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས།

( པར་ངོས་དང་པོར་མཐུད།)“རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་གོམ་སྟབས་ཀྱིས་ས་གཞི་ཆེ་མོར་གཡོ་འགུལ་ཐེབས་པ་དང་འབད་འབུངས་མདུན་སྐྱོད་དང་འགག་སྒྲོལ་དཔུང་ཁག་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ”དགའ་སྤྲོ་རབ་ཏུ་འཁོལ་བའི་གླུ་གར《ངའི་འཐབ་གནས་དང་ངའི་ལོ་གསར》ཞེས་པའི་འགྱུར་ཁུག་དང་བསྟུན་ནས་འཁྲབ་སྟོན་འགོ་ཚུགས་ཤིང་། འཁྲབ་སྟོན་ཐོག་རིག་རྩལ་རྟ་དམག་རུ་ཁག་གིས་དམག་མིར་ཞབས་འདེགས་ཞུ་སྟངས་ཀྱི་ཐོག་ནས་དམག་དཔུང་སྟོབས་ཆེན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་མངོན་པ་དང་། སེམས་པ་ཏང་ལ་ཕྱོགས་པ་དང་འགག་སྒྲོལ་ལ་ནུས་ཤུགས་གཅིག་ཏུ་བསྒྲིལ་བའི་ནང་དོན་ལྡན་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་སྲོལ་གསར་སྤྱོད་བཟང་མངོན་གསལ་དོད་པོས་མཚོན་ཡོད་པ་རེད།

འཁྲབ་སྟོན་ཧྲིལ་པོ་སྟབས་བསྡུས་ལ་བབ་ཆགས་པ་དང་དམག་མི་དང་འཐབ་འཛིང་གི་ཉམས་འགྱུར་ཟབ་མོ་ལྡན་པས། དམག་དཔུང་སྟོབས་ཆེན་གྱི་རིག་གནས་དང་རྒྱལ་ན་ཐོབ་ངེས་ཤིང་གཞུང་འཁྱོངས་གསར་འབྱེད་ཀྱི་བརྗིད་ཉམས་ཆེ་བའི་རྣམ་པ་མངོན་ཡོད་པ་རེད།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)