国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)རྒྱང་སྐྱོད་གསར་པར་ཧུར་བརྩོན་བྱེད་པ་སོགས་ཀྱི་གཙོ་དོན་དཔེ་ཀློག་དང་ལག་ལེན་བྱེད་སྒོ་རྒྱུན་སྲིང་ངང་ཇེ་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་ཨུ་ཡོན་རྣམས་སྣེ་ཁྲིད་དེ་སློབ་སྦྱོང་ཟབ་མོ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་ཆབ་སྲིད་ཐོག་བློ་བརྟན་འགྱུར་མེད་དང་།“གདེང་ཚོད་བཞི”ཐུབ་པ་དང་། འགན་འཁྲི་ཁུར་ཕོད་པར་བྱས་ཏེ། སྲིད་གྲོས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་པར་འགན་ལེན་བྱ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་དང་།“དགོངས་པ་སློབ་སྦྱོང་དང་སྒྲིག་ཁྲིམས་སྲུང་བ། སྤྱོད་ཚུལ་བསྒྱུར་བ། ནུས་པ་མཐོར་འདེགས”བཅས་ཀྱི་བྱེད་སྒོ་ཟབ་ཏུ་སྤེལ་ཞིང་། སྲིད་གྲོས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་བཏང་སྟེ།བསམ་གཞི་ནན་པོ་དང་བྱེད་ཐབས་ནན་པོ།རྣམ་པ་ནན་པོ་བཅས་སྔར་བས་ཇེ་དྲག་ཏུ་བཏང་ཡོད།

སྙན་སེང་ནང་བསྟན་དོན། ལོ་གཅིག་རིང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཁྲིད་སྟོན་ནུས་ལྡན་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། དམངས་གཙོ་གྲོས་མོལ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་།སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།ཞབས་ཞུའི་ལྟེ་གནས་ལ་ཤུགས་བརྒྱབ་པ། དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་བརྩི་སྲུང་ནན་ཏན་བྱས་པ།མི་སེམས་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་པ་བཅས་བཞི་དང་། ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱས་རྗེས་འཇོག་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།ཞིང་ཆེན་སྲིད་གྲོས་ལས་དོན་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཀྱི་གྲུ་བཞི་དང་པོའི་ནང་མུ་མཐུད་དུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས་པའི་སྤྱིའི་ལས་ཀའི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་ཞིབ་དཔྱད་གྲོས་མོལ་བྱེད་སྒོ་སྤེལ་བ་དང་ལས་ཆོད་མཐོན་པོས་གྲོས་འགོ་སྒྲུབ་གཉེར་བསྒྱུར་སྒྲིག་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཚོན་པར་མཐུན་སྒྲིལ་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་སི་ཁྲོན་གྱི་ལེའུ་གསར་པ་ཧུར་ཐག་འབྲི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཞིང་ཆེན་ཏང་ཨུའི་ལྟེ་བའི་ལས་དོན་གང་དུ་བསྐུལ་ན་སྲིད་གྲོས་ཀྱི་འགན་སྒྲུབ་ཀྱང་དེའི་རྗེས་འདེད་བར་རྒྱུན་འཁྱོངས་ཏེ།“བློ་གཅིག་སེམས་གཅིག་གིས་དེང་རབས་ཅན་གྱི་སི་ཁྲོན་མཉམ་དུ་འཛུགས་སྐྱོང་བྱེད”ཀྱི་ཆེད་དོན་བྱ་སྤྱོད་ཟབ་ཏུ་གཏང་རྒྱུ་དེ་སྤྱིའི་ཁྲིད་སྟོན་བྱ་ཡས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དོན་ཐོག་འཁྱོལ་བ་དང་།དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་བ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་གྱི་མཐོ་ཚད་གསར་པ་འཛུགས་སྐྱོང་བྱེད་པ་སོགས་ལ་དམིགས་ནས་གྲོས་མོལ་དང་གྲོས་འགོ་ཡག་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིམ་གྱིས་འཕེལ་རྒྱས་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་དང་མཉམ་ཤུགས་སྟོབས་ལྡན་ཆགས་པར་སྐུལ་འདེད་གཏང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་དང་།ཏང་སྲིད་ལམ་ལུགས་གསར་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ། ཞང་ཀང་དང་ཨའོ་མོན།ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་དོན་ལས་དོན་བཅས་ལ་ཤུགས་བརྒྱབ་སྟེ། སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ངོས་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་འགན་འཁུར་རྒྱུ་རྒྱུན་འཁྱོངས་ཏེ།དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ། མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་བཅས་བྱས་ཏེ།དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་།དམངས་ཀྱི་སེམས་ཁྲལ་སེལ་བ།དམངས་སེམས་དྲོ་བ་བཅས་ཀྱི་ལས་དོན་ལ་གཞོགས་འདེགས་དང་ལེགས་པོར་བསྒྲུབས་པ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ། སྲིད་གྲོས་ཀྱི“དཔུང་སྡེ་གཉིས”སྟོབས་ལྡན་དུ་བཏང་བ།གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི“ཞན་ཆ་གཉིས”སྔར་བས་ཐག་གཅོད་བྱ་རྒྱུར་བསྐུལ་ཏེ།“ཨུ་ཡོན་ལྷན་ཁང་གཅིག་ལ་སྤུས་རྟགས་གཅིག”དང“གྲོང་ཁྱེར(ཁུལ)གཅིག་ལ་ཁྱད་ཆོས་གཅིག”གི་ལས་དོན་ཇེ་ཟབ་ཏུ་བསྒྲུབས་ཏེ། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད།

སྙན་སེང་ནང་བསྟན་དོན། 2025ལོར་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2024ལོའི་ཞིང་ཆེན་སྲིད་གྲོས་ལས་དོན་གྲོས་ཚོགས་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་བཏོན་པའི“སྔར་ལས་ལྷག་པ་ལྔ”ཡི་བཀོད་སྒྲིག་གལ་ཆེན་ལྟར། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་གསར་གཏོད་རིགས་གཞུང་སློབ་སྦྱོང་ཟབ་མོ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་ལ་དམིགས་ནས་སྲིད་གླེང་དང་གྲོས་འགོ་འདོན་པ་དང་།འགན་སྒྲུབ་ལེགས་སྐྱེས་འཕུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཐུན་སྒྲིལ་མཛའ་མཐུན་ཏན་ཏིག་བྱེད་པ་དང་སི་ཁྲོན་བཅོས་སྐྱོང་དར་རྒྱས་གཏོང་བར་ཤུགས་འདོན་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཤུགས་བརྒྱབ་ནས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་དོན་དུ་བྱ་བ་སྒྲུབ་པ་ཟམ་མི་ཆད་པར་མངོན་པ་དང་། སྲིད་གྲོས་བསྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བ། ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།“དཔུང་ཁག་གཉིས”འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒྱ་ཆེ་བའི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་།འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ།འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས།

ལིའུ་ཞུས་ཀོང་གིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་རེད། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན། རྒྱ་ཆེ་བའི་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་སྡེ་ཚན་ཁག། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཁྱོན་བསྡོམས་གྲོས་གཞི1509བཏོན་པ་དང་། 2024ལོའི་ཟླ་བ12པའི་ཚེས31ཉིན་བར་ཞིབ་བཤེར་བྱས་ནས་གནད་དོན་ཐོ་འགོད་བྱས་པའི་གྲོས་གཞི1325ཚང་མར་ལན་འདེབས་པ་རེད།

ཝང་ཞའོ་ཧུའེ་ཡིས་ཚོགས་འདུར་གསུང་བཤད་གནང་སྟེ།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྲིད་གྲོས་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུན་ཞུས་པ་རེད། ཁོང་གིས་འདས་མ་ཐག་པའི2024ལོ་ནི་ཀྲུང་གོ་གསར་པ་བཙུགས་ནས་ལོ75འཁོར་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ།སི་ཁྲོན་འཕེལ་རྒྱས་ཀྱི་གནོན་ཤུགས་ཐེག་ཁུར་དང་འབད་བརྩོན་ཆེན་པོས་མདུན་སྐྱོད་ཀྱི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་འབད་བརྩོན་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ།ཏང་ཀྲུང་དབྱང་གི་སྲིད་འཛིན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།ཅན་བཞི་མཉམ་སྤེལ་དང་།གྲོང་ཡུལ་མཉམ་འདྲེས།ཁུལ་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ཏེ། ངར་ཤུགས་ཆེར་སྐྱེད་ཀྱིས་དཔལ་འབྱོར་འགྲན་པ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་འཛུགས་སྐྲུན་བྱས་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་པར་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་བཏང་སྟེ།འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་བས།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་།བྱ་གཞག་ཁག་དང་ཕྱོགས་ཁག་ཚང་མར་སྐུལ་མ་ཐེབས་པའི་འགྱུར་ལྡོག་བྱུང་ཡོད།

ཝང་ཞའོ་ཧུའེ་ཡིས་ལོ་འདིར་ང་ཚོས་བློ་བརྟན་འགྱུར་མེད་ངང་བསམ་བློ་སློབ་སྦྱོང་དང་སྣེ་ཁྲིད་དྲག་པོ་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ།སློབ་སྦྱོང་བསམ་བློའི་ཁྲོད་སི་ཁྲོན་གྱི་མདུན་སྐྱོད་ཁ་ཕྱོགས་དམ་དུ་འཛིན་ཡོད། ལོ་འདིར་ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་དམ་འཛིན་དང་ཡུན་རིང་དོན་གཉེར་བྱས་ཏེ།ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་སི་ཁྲོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ལ་ཇུས་འགོད་དང་སྐུལ་འདེད་ནན་ཏན་བྱས་ཏེ།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སི་ཁྲོན་གྱི་འཐབ་ཇུས་གནས་བབ་མཐོ་རུ་བཏང་ཡོད། ལོ་འདིར་ང་ཚོས་ཐབས་བརྒྱ་ཇུས་སྟོང་སྒོས་དཔལ་འབྱོར་བརྟན་པོ་དང་འདེགས་སྐྱོར་སྟོབས་ཆེར་གཏོང་བ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དེ་ཡོད་ཚད་ལས་འདས་པའི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཏེ་གནོན་ཤུགས་མདུན་སྐྱོད་ཁྲོད་སི་ཁྲོན་གྱི་བརྟན་བརླིང་དང་སྙིང་སྟོབས་མངོན་ཡོད། ལོ་འདིར་ང་ཚོས་སྙིང་སྟོབས་ཆེན་པོས་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་དང་།གཏིང་ཟབ་བསྒྱུར་བཅོས་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་ཐད་མཐུན་སྦྱོར་ཤུགས་འདོན་མཐའ་འཁྱོངས་ཏེ།བསྒྱུར་བཅོས་སྒོ་འབྱེད་ཁྲོད་སི་ཁྲོན་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་བཏང་ཡོད། ལོ་འདིར་ང་ཚོས་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་སེམས་ལ་དྲོ་སྐྱིད་བསྟན་པ། ཐོག་མཐའ་བར་གསུམ་དུ་མི་སེར་གྱི་ཛ་དྲག་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་ཀའི་གཞི་འཛིན་ས་དང་དམིགས་ཡུལ་དུ་བརྩིས་ཏེ།མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སི་ཁྲོན་གྱི་དམངས་འཚོ་དྲོད་ཚད་མངོན་ཡོད། ལོ་འདིར་ང་ཚོས་ཤུགས་ཡོད་རྒུས་འཆམ་མཐུན་ལ་སྐུལ་བ་དང་བདེ་འཇགས་འགན་ལེན་བྱེད་པ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ།མཐིལ་ཚད་སྲུང་པའི་ཁྲོད་སི་ཁྲོན་གྱི་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ལོ་གཅིག་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བརྒྱབ་ནས་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་གཅིག་གྱུར་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་བཏོན་ཏེ་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་གི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྗིད་འགན་ཤེས་པ་དང་།དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་བྱས་ཏེ་ས་ཁོངས་གཅིག་གི་འོད་ཟེར་གྱིས་ཁྱོན་ཡོངས་ལ་གཟི་བརྗིད་བསྣན་པ། རྒྱ་ཆེའི་ཏང་མི་ལས་བྱེད་པས་དོན་དག་ལ་ཉེན་གཡོལ་མི་བྱེད་པ་དང་འགན་འཁྲི་འགན་འཁུར་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ། སི་ཁྲོན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་ཧུར་ཐག་བྱས་ནས་མི་ཚང་མའི་ལུས་ཐོག་ཏུ་ངོ་མཚར་གཟིགས་འོད་འཕྲོ་ཡོད། ང་ཚོས་ཐུན་མོང་ཐོག་སི་ཁྲོན་གྱིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་གཙོ་ཁྲིད་བྱེད་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་བར་སྐུལ་བ་དང་།ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་གི་གོམ་སྟབས་བརྟན་པོ་སྤོས་ཡོད། ལོ་འདིའི་གྲུབ་འབྲས་ཐོ་འགོད་ནང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་བློ་གྲོས་དང་འབད་བརྩོན་འདུས་ཡོད།ཞིང་ཆེན་ཏང་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་བློ་ཡིད་ཚིམ་ཞིང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་བསྒྲུབས་པར་ཁས་ལེན་བྱས་ཡོད།

ཝང་ཞའོ་ཧུའེ་ཡིས་འདི་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་འགྲིལ་བའི་ལོ་ཡིན་ལ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཡི་སྟོབས་ཤུགས་བསྡུ་རུབ་བྱེད་པའི་ལོ་ཞིག་ཀྱང་ཡིན། ཕྱི་རོལ་ཁོར་ཡུག་དང་སྤྱི་ཁོག་དུས་བབ་སྔར་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པ་དང་།ཕྱོགས་ཁག་གི་ལས་འགན་སྔར་བས་དཀའ་ཚེགས་ཆེ་བས།ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་།ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཚད་ལྡན་གྱི་དྲིས་ལན་ཞིག་སྤྲོད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་མཐའ་གཅིག་ཏུ་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་བློ་འགུག་བླ་སྐྱོང་བྱས་ཏེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་།ཏང་ཀྲུང་དབྱང་གི་སྲིད་འཛིན་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་དོན་འཁྱོལ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་ཤུགས་རྒྱུན་འཁྱོངས་ཏེ།རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་ལེན་དམ་འཛིན་བྱས་ཏེ། ངར་ཤུགས་ཆེར་སྐྱེད་ཀྱིས་དཔལ་འབྱོར་འགྲན་པ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་འཛུགས་སྐྲུན་བྱས་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་བ་དང་།བསྒྱུར་བཅོས་མུ་མཐུད་དེ་གཏིང་ཟབ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ།འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཆེ་རུ་གཏང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་བཏང་ནས་དམངས་འཚོ་ལ་མུ་མཐུད་དུ་ཤུགས་ཡོད་རྒུས་འགན་སྲུང་དང་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ། སེམས་ཁྲལ་བཅས་ཐག་གཅོད་བྱས་ཏེ།ཐུན་མོང་ཕྱུག་པོར་འགྱུར་བའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བར་འབད་བརྩོན་བྱ་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་མཐིལ་ཚད་བརྟན་སྲུང་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་བྱས་ཏེ་བརྟན་ལྷིང་དང་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་ཏེ་སྐུལ་སློང་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་གོང་འོག་གི་ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་མཉམ་ཤུགས་སྟོབས་ལྡན་དེ་ཚད་གཞི་ཆེ་ཤོས་ཀྱིས་གཅིག་སྒྲིལ་བྱས་ཏེ།རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་སྔར་ལས་ཆེ་བ་བརྩོན་ལེན་བྱ་དགོས།

ཝང་ཞའོ་ཧུའེ་ཡིས་འདི་ལོ་ནི་སི་ཁྲོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བ་ཡིན་པས།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་སླེབས་ཡོད། རྒྱང་ལམ་གསར་པ་ཞིག་ཏུ་སྐྱོད་དུས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་གིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་དམ་འཛིན་བྱས་ཏེ།ཏང་གི་འགོ་ཁྲིད་དང་།འཐབ་ཕྱོགས་གཅིག་གྱུར་།གྲོས་མོལ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་དང་།ལྟེ་གནས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་སྔར་ལས་རྒྱ་ཁྱབ་ཏུ་མི་སེམས་གཅིག་སྒྲིལ་དང་།ཐུན་མོང་གི་ངོས་འཛིན་གཅིག་མཐུན།བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་སེམས་ཤུགས་གཅིག་སྒྲིལ་དང་།ཐབས་ཇུས་བློ་འདྲི།གྲོས་མོལ།སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ཁྲོད་དུ་སྔར་ལས་རང་རྟོགས་ངང་ཞུགས་ཏེ་ལས་རིགས་ཁག་གི་མང་ཚོགས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་ནང་ཞུགས་པ་དང་འགན་འཁྲི་བསྒྲུབས་ཏེ་སྲིད་གྲོས་ཨུ་ཡོན་གྱི་རྣམ་པ་བཟང་པོ་དང་དུས་རབས་ཀྱི་ཉམས་འགྱུར་སྔར་བས་མངོན་པར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་རིམ་པ་ཁག་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ།བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་ལག་ལེན་དང་འཕེལ་རྒྱས་ནན་ཏན་བྱས་ནས་སྲིད་གྲོས་ཀྱིས་འགན་འཁྲི་བསྒྲུབ་པར་ཆ་རྐྱེན་བཟང་པོ་ཧུར་ཐག་གཏོད་དགོས།

གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་ད་དུང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཞིང་ཆེན་སྲིད་གཞུང་།ཞིང་ཆེན་ཁྲིམས་ཁང་།ཞིང་ཆེན་ཞིབ་དཔྱོད་ཁང་།དེ་བཞིན་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་མགོ་ཁྲིད་བློ་མཐུན་དང་།སི་ཁྲོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཁག་གཅིག།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བཅས་ཡོད།

ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན(ཚན་པ)གྱི་འགན་འཁུར་བློ་མཐུན་དང་།གྲོང་ཁྱེར(ཁུལ)ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།གྲོང་ཁྱེར(ཁུལ)སྲིད་གྲོས་ཀྱི་དྲུང་ཆེ།རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྱི་ཀྲུའུ་ཞི།སྤུན་ཟླ་ཐའེ་ཝན་པ་དང་ཕྱིར་སྡོད་སྤུན་ཟླ་འཐུས་མི་སོགས་འགོ་འཛུགས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། ཁྲུང་ཏུའུ་རུ་བཅའ་སྡོད་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞུང་ཚབ་དང་གཞུང་ཚབ་དཔོན་རིགས།ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་གཞུང་དོན་ཁང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་འགུག་ཅུས་ཁྲེང་ཏུའུ་འཐུས་ཚབ་ཁྲུའུ་ཡི་འགན་འཁུར་བ་སོགས་འགོ་འཛུགས་ཚོགས་འདུར་ཟུར་ཉན་བྱས་པ་རེད།།

( ལྷ་འཛོམས་དང་བདེ་སྐྱིད།ཀུན་དགའ་བཅས་ཀྱིས་བསྒྱུར།)