国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལང་ཚོ།

ཁེར་བུར་འཚོ་དུས།

དྲན་ངོགས་ན་སྐར་མ་བཞིན་འཚེར་བ་ནི།

བྱིས་དུས་དང་ལང་ཚོ་ཡིན་པས།

དྲན་སླ་བ་དང་དྲན་འདོད་པ་དག་ཡིན་ནོ།

ན་སོན་པ་ནི་ཐོབ་ཤོར་གཉིས་ཀྱིས་གྲུབ་པ་ཞིག་སྟེ།

མང་པོ་མང་པོ་ཞིག་རང་ཡིད་ཚིམ་པ་ཞིག་ཐོབ་ཡོང་ལ།

འགའ་ཞིག་ཁྱོད་དང་རིང་ནས་གྱེས་ཏེ་བོར་འགྲོ་བ་ཡིན།

ལང་ཚོ་དར་ལ་སྨིན་པའི་དུས་དེར།

སེམས་པའི་གཏིང་རུམ་ན།

བག་ཆགས་སྟུག་པོའི་ཆུ་ཐིགས་འཁྱིལ།

ལང་ཚོ་ཡོལ་ཟིན་དུས།

ཆུ་ཐིགས་རེ་རེས་དྲན་གདུང་གི་མེ་ཏོག་གསོ་ཡོང་།

དྲན་གདུང་གི་གླུ་སྐད་རེ་དང་།

དུང་བརྗོད་ཀྱི་སྙན་ངག་རེ་རེ་ནི།

ཕྱིར་དྲན་ཀློང་གི་ཉེ་བའི་མིས་སྦྲུམ་པས།

ངས་འཇིག་རྟེན་གྱི་གྲུ་ག་གཞན་ཞིག་ན་རྟག་ཏུ་འཚོལ་བཞིན་པ་ནི

ཁྱོད་དང་ཁྱོད་ཀྱི་གྲིབ་མ་དེ་ཡིན་ནོ།