ངས་རང་དབང་གི་ནམ་མཁར།
ཕུགས་བསམ་དང་རྨི་ལམ་གྱི་ཉི་ཟླ།
གེགས་མེད་ངང་རྒྱུ་བའི་གསོལ་འདེབས་བྱས་ཡོད།
སྨོན་ཚིག་རེ་རེ།
བྱ་ཁྱུ་ལྷོ་ལ་འཕུར་བ་བཞིན།
མ་འོངས་པའི་ལོ་ཟླ་ནང་བསྐུར་ཡོད།
སྙིང་ཉེ་བའི་ང་རང།
བདེ་དགའི་འཚོ་བའི་འོད་ཁྱིམ་དུ།
ང་རང་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་ཐུབ་པའི་སྨོན་པར་བྱས།
མང་པོ་མང་པོ་ཞིག།
སྟོན་ཀའི་འབྲུ་དྲུག་བཞིན།
དབྱར་གྱི་མེ་ཏོག་ལྟར།
ལེགས་པར་སྨིན་ན་འདོད་ཡོད་པས་དེ་ལྟར་གྱུར་ཅིག་གུ་ཐལ་ལོ།།